དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་7པའི་ཚེས་1ཉིན་ནས་བཟུང་རང་རྒྱལ་ཕྱོགས་ཡོངས་ནས་འབྲུབ་དུས་སུ་བསླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-04

    གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་1ཉིན་ནས་བཟུང་། རང་རྒྱལ་ཕྱོགས་ཡོངས་ནས་འབྲུབ་དུས་སུ་བསླེབས་ཤིང་། སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་ཟླ་བ་7པ་ནས་8པའི་བར། རྒྱལ་ཡོངས་སུ་སྤྱིའི་ཆ་ནས“བྱང་ཕྱོགས་སུ་ཆུ་ལོག་དང་ལྷོ་ཕྱོགས་སུ་ཐན་སྐྱོན”ཐོན་རྒྱུ་དང་། བྱང་ཕྱོགས་ཀྱི་ཆུ་ལོག་ཅུང་ཚབས་ཆེ་བ་དང་ས་ཆ་ཁག་གཅིག་ཏུ་སླར་ཡང་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཐོན་རྒྱུ། བྱང་ཕྱོགས་སུ་རྒྱ་མཚོའི་རླུང་འཚུབ་ཅུང་དྲག་པོ་ལྡང་ནས་བྱང་ཕྱོགས་ས་ཁུལ་ལ་ཤུགས་རྐྱེན་ཐེབས་སྲིད་པས་གནོད་འཚེའི་ཉེན་ཁ་ཅུང་ཆེ་བ་ཡོད་པ་རེད། རྨ་ཆུའི་དབུས་སྨད་རྒྱུད་དང་། ཧོའེ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་དབྱི་ཧྲུའུ་སི་གསུམ་གྱི་ཆུ་རྒྱུད། ཧའེ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་ཀྲང་ཝེ་གཙང་པོ་དང་། ཙི་ཡ་གཙང་པོ། ཏ་ཆིང་གཙང་པོ། ཡུང་ཏིང་གཙང་པོ་བཅས་དང་། སུང་ལེའོ་གཙང་པོ་རྒྱུག་ཁུལ་གྱི་ལེའོ་ཧོ་གཙང་པོ་དང་། ཧུན་ཐའེ་གཙང་པོ། སུང་ཧྭ་གཙང་པོའི་ཅི་ལིན་རྒྱུག་ཁུལ་སོགས་སུ་ཆུ་ལོག་ཐོན་ཉེན་ཡོད་པ་དང་། སྐམ་སར་རྒྱ་མཚོའི་རླུང་འཚུབ་བཞི་ནས་ལྔ་བར་ལྡང་ཉེན་ཡོད་པའམ་ཡང་ན་རང་རྒྱལ་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཉེན་ཡོད། འབྲི་ཆུའི་འབབ་རྒྱུད་དབུས་མའི་ཏུང་ཐིང་མཚོ་དང་ཧྥན་དབྱང་མཚོའི་ཆུ་རྒྱུད་དང་། ཀྲེ་ཅང་གི་ཆན་ཐང་གཙང་པོ། ཧྥུའུ་ཅན་གྱི་མིན་ཅང་གཙང་པོ། ཤིན་ཅང་དབུས་རྒྱུད་དང་བྱང་རྒྱུད་སོགས་ལ་དུས་མཚམས་རང་བཞིན་གྱི་ཐན་པ་བསྟན་ཉེན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།