ཀྲེ་ཅང་རྒྱལ་སྤྱིའི་ཚོང་ཟོག་ཕོན་ཆེན་ཉོ་ཚོང་ལྟེ་གནས་བཙུགས་པ།
ཉེ་ཆར། ཀྲོའུ་ཧྲན་གྲོང་ཁྱེར་དུ་ཀྲེ་ཅང་རྒྱལ་སྤྱིའི་ཚོང་ཟོག་ཕོན་ཆེན་ཉོ་ཚོང་ལྟེ་གནས་དངོས་སུ་བཙུགས་པ་རེད། ཀྲུང་གོ(ཀྲེ་ཅང)རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཚོང་ཟོག་ཕོན་ཆེན་གྱི་ཐོན་ཁུངས་བཀོད་སྒྲིག་ལྟེ་གནས་འཛུགས་སྐྲུན་གྱི་ཉོ་ཚོང་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལྟེ་གནས་དེས་ཀྲེ་ཅང་ཞིང་ཆེན་རང་བྱུང་སོལ་རླངས་དང་ལྕགས་གཏེར་ལག་ཡོད་ཚོང་ཟོག་ཉོ་ཚོང་བྱ་ཡུལ་བསྡུ་སྒྲིལ་བྱས་པ་མ་ཟད། ཉོ་ཚོང་གི་སྣ་ཁ་མང་དུ་གཏོང་བ་དང་། ཉོ་ཚོང་བྱེད་སྟངས་གསར་གཏོད། ཉོ་ཚོང་གཞི་ཁྱོན་ཆེ་རུ་གཏོང་བ། རིན་གོང་གི་ཤུགས་རྐྱེན་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་དམིགས་པ་བརྒྱུད། ཀྲེ་ཅང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དུ་ས་ཁོངས་ཀྱི་འགྲན་རྩོད་ནུས་པ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་ཚོང་ཟོག་ཕོན་ཆེན་གྱི་ཐོན་ཁུངས་བཀོད་སྒྲིག་ལྟེ་གནས་ཤིག་ཆགས་པར་རམ་འདེགས་བྱས་པ་རེད།
ཀྲེ་ཅང་རྒྱལ་སྤྱིའི་ཚོང་ཟོག་ཕོན་ཆེན་ཉོ་ཚོང་ལྟེ་གནས་ཀྱིས་སྣུམ་རླངས་ཁྱབ་ཁོངས་ཀྱི་ལེགས་ཆ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག ལྗང་མདོག་ཐོན་ཁུངས་དང་ལྕགས་གཏེར་སོགས་ཀྲེ་ཅང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཐོན་ཁུངས་སྤུས་མ་དང་འབྲེལ་བའི་ཉོ་ཚོང་སྣ་ཁ་དེ་བས་མང་དུ་གཏོང་རྒྱུ་ཡིན་པ་རེད།