ཤིས་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ལྕགས་ལམ་བཏིང་ཟིན་པ།
ཟླ་7ཚེས་1ཉིན། ཧྲའན་ཤིས་ཤིས་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ(གཤམ་དུ“ཤིས་ཡན་མྱུར་བགྲོད་ལྕགས་ལམ”ཞེས་བསྡུ་རྒྱུ)གྱི་ལྕགས་ལམ་ཡན་ཨན་བར་བཏིང་ཟིན་ཞིང་། ཆེས་མཐའ་མའི་ལམ་ལྕགས་རིང་པོ་ཆ་གཅིག་གནད་ལ་འཁེལ་པོས་བཏིང་བ་དང་བསྟུན་ནས། ཤིས་ཡན་མྱུར་བགྲོད་ལྕགས་ལམ་སྦྲེལ་མཐུད་བདེ་བླག་ཐུབ་སྟེ། ཤིས་ཡན་མྱུར་བགྲོད་ལྕགས་ལམ་དུས་བཀག་ལྟར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཤིས་ཡན་མྱུར་བགྲོད་ལྕགས་ལམ་ནི་ཧྲའན་ཤིས་བྱང་རྒྱུད་ཀྱི་གསར་བརྗེའི་གནས་རྙིང་གི་མྱུར་བགྲོད་ལྕགས་ལམ་ཐོག་མ་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་པའོ(དབྱིན)ཧའེ་མྱུར་བགྲོད་ལྕགས་ལམ་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ད་ཆ་སྐྲུན་བཞིན་པའི་ཤིས་ཡུས་མྱུར་བགྲོད་ལྕགས་ལམ་དང་མཉམ་དུ་ལྷོ་བྱང་བགྲོད་ལམ་ཆེན་པོ་ཆགས་པ་ནི“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཤིག་རེད།
ཤིས་ཡན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་299.8ཟིན་པ་དང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་པ། བསྐྲུན་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་ཤིས་ཨན་ནས་ཡན་ཨན་དུ་བསྐྱོད་པར་མིག་སྔར་ཆུ་ཚོད་2ལྷག་ཙམ་འགོར་བ་ནས་ཕྱིན་ཆད་ཆུ་ཚོད་1ཙམ་ལས་འགོར་གྱི་མེད།