དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་དྲ་ཐོག“གྲོང་གསེབ་ ཚོང་འདུས”འཚོལ་ཞིབ་བྱས་ནས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-04

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཚུན་དུ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཐུན་མོང་འབྱོར་ཕྱུག་གི་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་དམིགས་ཚད་ལ་དམིགས་ནས། འཛད་སྤྱོད་རོགས་སྐྱོར་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་བྱེད་ཐབས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག ཁྱད་ལྡན་ཞིང་ལས་ཐོན་རྫས་ཐད་འཕྲད་པའི“ཕྱིར་ཚོང་ཐབས་ལམ་ཉུང་ཞིང་ཁྲོམ་ར་རྒྱ་བསྐྱེད་དཀའ་བ”སོགས་ཀྱི་བཅུར་འགག་གནད་དོན་ལ་དམིགས་ནས། དྲ་སྦྲེལ་གཏོང་སྤྲོད་ཀྱིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ། དྲ་ཐོག“གྲོང་གསེབ་ཚོང་འདུས”ཀྱི་དངུལ་རྩའི་སྲིད་ཇུས་དང་། ལས་སྟེགས། ཕྱིར་ཚོང་མ་ལག་བཅས་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་པ་དང་ཆབས་ཅིག “དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། “ཡིད་རྟོན་ནུས་སྦྱིན་དང་། ཐོན་ཚོང་མཉམ་འགུལ། དྲ་ཚོང་ཕན་འཕར”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་ཆགས་པར་བྱས་ནས། གྲོང་གསེབ་དར་རྒྱས་ལ“དངུལ་རྩའི་གསོན་ཤུགས”བསྣན་ཡོད།

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་དངུལ་རྩའི་དམངས་ཕྱུག་ཞིང་དར་སྲིད་ཇུས་དོན་འཁྱོལ་བྱེད་པ་དེ་འགོ་འཛུགས་སར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དངུལ་རྩས་གྲོང་གསེབ་དར་རྒྱས་དང་། དངོས་ཚན་དཔལ་འབྱོར། དམངས་འཚོའི་ཁྱབ་ཁོངས་བཅས་ལ་ཞབས་འདེགས་ཞུ་བའི་སྤྱི་ཕན་རང་བཞིན་མུ་མཐུད་ཆེ་རུ་གཏོང་བ་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཞིང་དུད་ཀྱི་ཉོ་ཚོང་ལས་རིམ་སོགས་གཏོང་སྤྲོད་གྲངས་གཞི་ཡིད་རྟོན་གྱི་གཞི་འཛིན་སར་བརྩི་རྒྱུར་ཁྲིད་སྟོན་བྱས་ནས། དྲ་ཐོག་ཡིད་རྟོན་དངུལ་བུན་ཐོན་རྫས་གསར་དུ་བཏོན་ཏེ“ཞིང་ཕན་eདངུལ་བུན”དང་། “ཚོང་དུད་ཀྱི་དངུལ་བུན”“གྲོང་གསེབ་ཡུལ་སྐོར་དངུལ་བུན”སོགས་ཞིང་ལས་དང་འབྲེལ་བའི་ཁྱད་ལྡན་དྲ་ཐོག་དངུལ་བུན་ཐོན་རྫས་བཏོན་པ་དང་ཞབས་འདེགས་ཞུས་ཡོད། དངུལ་བུན་ཐོན་རྫས་བཏོན་ཚུན་རིམ་རྩིས་བརྒྱབ་ན། “ཞིང་ཕན་eདངུལ་བུན”སྒོར་དུང་ཕྱུར་29.69ལྷག་ཙམ་བཏང་བའི་ནང“ཚོང་དུད་ཀྱི་དངུལ་བུན”སྒོར་ཁྲི་2326.44དང“གྲོང་གསེབ་ཡུལ་སྐོར་དངུལ་བུན”སྒོར་ཁྲི་3984.45བཏང་བས། ཞིང་དུད་ཀྱི་ཁག་ཐེག་དཀའ་བ་དང་གཏའ་དངོས་མེད་པའི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཡོད། ཟླ་བ་ལྔ་པའི་ཟླ་མཇུག་བར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་སྒྲིག་གཞིའི“ཞིང་ལས་དངུལ་ཁང་གི་ཚོང་གྲོང་དང་། སྦྲག་སྲིད་ཀྱི་ཉོ་སྒྲུབ། འཛུགས་སྐྲུན་དངུལ་ཁང་གི་འཚོ་བ”བཅས་གཙོ་རྒྱུན་དྲ་ཚོང་ལས་སྟེགས་ཆེན་པོ་གསུམ་དུ་ཁྱད་ལྡན་ཚོང་དུད་268ཞུགས་པ་དང་ཐོན་རྫས་རིགས་1080བཏོན་པར། རིམ་རྩིས་བརྒྱབ་ན“ཞིང་གསུམ”གྱི་ཕྲན་ཚེགས་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཚོང་དུད་ལ་གཏོང་སྤྲོད་འགྲོ་སོང་སྒོར་ཁྲི་35ཙམ་ཁ་གསབ་དང་གཟིགས་སྐྱོང་བྱས་ཡོད་པ་རེད།

    སྦར་མཐིལ་དངུལ་ཁང་གི་དྲ་ཚོང་ལས་སྟེགས་ལ་བརྟེན་ནས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཁྲོད་ཐོན་ཁུངས་དང་ས་མཐོའི་ཁྱད་ལྡན་ཐོན་རྫས་བསྡུ་སྒྲིལ་བྱས་ཏེ་ཞིང་དུད་དང་ཁྲོམ་ར་སྦྲེལ་མཐུད་བྱེད་པའི་སྦྲེལ་ཟམ་བསྐྲུན་ཡོད། ཁྲོམ་རའི་དགོས་མཁོ་གནད་འཁེལ་ངང་སྦྲེལ་མཐུད་བྱས་པ་དང་ཁྱིམ་ཚང་ཁྲི་སྟོང་གི“ཐོན་སྐྱེད་ཆུང་ངུ”དང་འགྱུར་ལྡོག་ཆེ་བའི“ཁྲོམ་ར་ཆེན་པོ”ཟུང་འབྲེལ་དམ་ཟབ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་རམ་བྱས་ཏེ། ཁྱད་ལྡན་ཐོན་རྫས་ས་མཐོ་ནས་ཕྱིར་གཏོང་དང་རྒྱལ་ཡོངས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། འཛད་སྤྱོད་ལ་བརྟེན་ཏེ་ཞིང་ལས་ཐོན་རྫས་མཁོ་ཚོང་དང་དེ་བཞིན་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱེད་པའི་མཛུབ་རྩེའི“མཐའ་མའི་འགག་གནད”སེལ་རོགས་བྱས་པ་རེད། མིག་སྔའི་བར་གྲོང་ཁྱེར་དེས་དངུལ་རྩའི་དྲ་ཚོང་ལས་སྟེགས་ཆེན་པོ་གསུམ་བསྐྲུན་པ་བརྒྱུད“ནགས་ཁྲོད་ཁྱད་ལྡན་ཁང”བསྐྲུན་ཏེ་རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ་ཐའོ་དང་། མེ་ཏོག་གི་ཇ་ལོ། སྣང་རྫོང་གླང་མདུན་གྱི་སུར་པན་སོགས་ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་བཙོངས་ཏེ་ཁྱད་ཆོས་མངོན་གསལ་དོད་པའི་ས་མཐོའི་ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་གི“གྲོང་གསེབ་ཚོང་འདུས”སུ་གྱུར་ཡོད། ད་ལོ་ཚུན་དུ་རིམ་རྩིས་བརྒྱབ་ན། ཞིང་ལས་ཐོན་རྫས་ཁྲི་2.35འཚོང་རོགས་བྱས་པར་ཡོང་འབབ་སྒོར་ཁྲི་149.81རག་ཡོད།

    “དངུལ་རྩས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ནས“དྲ་ཚོང་དང་། ཁེ་ལས། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཕྱིར་ཚོང་བྱེད་སྟངས་ལ་བརྟེན་ཏེ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཞིང་ལས་ཐོན་རྫས་དྲིལ་བསྒྲགས་ཕྱིར་ཚོང་གི་ཐབས་ལམ་བཏོད་ནས། ཐད་གཏོང་ཟོག་ཚོང་དང་དྲ་ཐོག་ཚོང་འདུས་ཟུང་འབྲེལ་གཞི་རྟེན་དུ་བྱེད་པ་དང་། དྲ་ཐོག་སྣེ་འདྲེན་དང་དྲ་ཕྱིའི་ཞབས་ཞུ་ཟུང་འབྲེལ་བྱེད་སྟངས་མཐའ་འཁྱོངས་བྱེད་པ། དྲ་ཚོང་གི་ཐད་གཏོང་ཟོག་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་ས་ཁོངས་བཀག་རྒྱ་ལས་སྒྲོལ་རོགས་བྱས་ཡོད། ད་ལོ་ཚུན་དུ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་ཁང་སྒྲིག་གཞི་ཁག་གིས་ཁེ་ལས་ཀྱི་རྩིས་ཁྲར་བརྟེན་ནས་རིམ་རྩིས་བརྒྱབ་ན་ཐད་གཏོང་སྣ་ཚོགས་ཐེངས་20ལྷག་ཙམ་བྱས་པ་དང་དྲ་ཚོང་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་155.79ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།