ལྷ་སར“བོད་ཀྱི་ལས་བཟོའི་རོཌ་རེས་འགན་སྲུང་བུམ་པའི”ལྗོངས་ཡོངས་ཀྱི་ལས་བཟོའི་རིག་རྩལ་སྤེལ་རེས་བྱེད་སྒོའི་ཕུལ་བྱུང་བརྩམས་ཆོས་འགྲེམས་འཁྲབ་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་ལས་བཟོའི་འགན་བཅོལ་རོགས་རེས་ལྷན་ཚོགས་བོད་ལྗོངས་དོན་གཅོད་ཁྲུའུ་ཡིས་མིང་བཏཌ་པའི“བོད་ཀྱི་ལས་བཟོའི་རོཌ་རེས་འགན་སྲུང་བུམ་པའི”ལྗོངས་ཡོངས་ཀྱི་ལས་བཟོའི་རིག་རྩལ་སྤེལ་རེས་བྱེད་སྒོའི་ཕུལ་བྱུང་བརྩམས་ཆོས་འགྲེམས་འཁྲབ་བོད་ལྗོངས་སློབ་ཆེན་མི་རིགས་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་མིང་དབྱིན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་བྱེད་སྒོར་ཞུགས་པ་དང་འབྲེལ། ངལ་རྩོལ་དཔེ་བཟང་བ་དང་བཟོ་བོ་སོགས་ལྗོངས་ཡོངས་ཀྱི་ལས་རིགས་ཁག་གི་ལས་བཟོའི་འཐུས་མི་དང་དེ་བཞིན་བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ཚོས་མཉམ་དུ་འཁྲབ་སྟོན་ལ་བལྟས་པ་རེད།
བྱེད་སྒོ་དེ་ཟླ་4ཚེས་23ཉིན་ནས་འགོ་བཙུགས་ཏེ་ཟླ་6ཚེས་30ཉིན་བར་སྤེལ་ཞིང་། ཁྱོན་དུས་མཚམས་3ལ་ཕྱེ་བའི་ནང་སྒྲོམ་སྟེགས་སྤོ་ལོ་དང་ཆུ་རྐྱལ་སོགས་རྣམ་གྲངས་ཆེ་བ་ཁག་8དང་ཆུང་བ་ཁག་17ཚུད་པར་ལྗོངས་ཡོངས་ཀྱི་ཚན་པ་177གྱི་ལས་བཟོ་ཆིག་སྟོང་ཙམ་ཞུགས་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཡོད་པའི་བརྙན་པར་དང་ཡིག་གཟུགས་བརྩམས་ཆོས་ལས་བོད་ཀྱི་ཉམས་འགྱུར་དང་ངལ་རྩོལ་གྱི་རྣམ་པ་མངོན་པ་དང་། གླུ་གར《རྟེན་འབྲེལ་ཉིས་བརྩེགས། ཕུགས་འདུན་མཉམ་གཏོད》སོགས་ཀྱིས་ངལ་རྩོལ་པར་གུས་འདུད་ཞུ་ལུགས་མཚོན་པར་བྱས་ཡོད། མཇུག་ཏུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་དབྱངས་མཉམ་དུ་བླངས་པས་བྱེད་སྒོར་ཚ་རླབས་རབ་ཏུ་འཕྱུར་ཞིང་། བྱེད་སྒོ་སྤེལ་བ་བརྒྱུད་ལས་བཟོར་དོ་ཁུར་བྱེད་པའི་རིག་རྩལ་གྱི་རྣམ་པ་བཏོད་ནས་རྒྱ་ཆེའི་ལས་བཟོ་ཚོར་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ལྕག་སྐུལ་བྱས་ཡོད།