ཏང་ཡོན་ཁྲི་10027.1དང་གཞི་རིམ་ཏང་རྩ་འཛུགས་ཁྲི་525.0ཡོད་པ།
ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དཔུང་ཁག་བརྟན་པོའི་ངང་སྟོབས་ཆེར་དང་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་པ།
གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྔར་བས་སྲ་བརྟན་དང་ནུས་ལྡན་བྱུང་བ།
ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོའི་ལོ་མཇུག་བར། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི་10027.1ཟིན་པ་དེ་ལོ་གོང་མ་ལས་ཁྲི་108.6འཕར་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི་525.0ཡོད་པ་དེ་ལོ་གོང་མ་ལས་ཁྲི་7.4འཕར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་རྩ་འཛུགས་སྟོབས་ཆེན་འཛུགས་སྐྱོང་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཞུན་བརྡར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།
ཏང་ཡོན་གྱི་སྤྱི་འབོར་བརྟན་པོའི་ངང་འཕར་ཞིང་། ཏང་ཡོན་གྱི་སྤྱི་འབོར་ལོ་གོང་མ་ལས་1.1%འཕར་ཡོད། ལོ་ཧྲིལ་པོར་ཏང་ཡོན་ཁྲི་213.1འཕེལ་རྒྱས་བཏང་བའི་ནང་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོའི་ཏང་ཡོན་ཁྲི་112.0ཟིན་པ་དེས་52.6%བཟུང་བ་དང་། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་115.9ཟིན་པ་དེས་54.4%བཟུང་བ། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་178.4ཟིན་པ་དེས་83.7%ཟིན་ཡོད།
ཏང་ཡོན་དཔུང་ཁག་གི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ཞིང་། 2024ལོའི་ལོ་མཇུག་བར། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་5778.6ཡོད་པ་དེས་57.6%བཟུང་བ་དང་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.4འཕར་ཡོད། བུད་མེད་ཏང་ཡོན་ཁྲི་3099.5ཡོད་པ་དེས་30.9%བཟུང་བ་དང་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.5འཕར་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་773.4ཡོད་པ་དེས་7.7%བཟུང་བ་དང་ལོ་གོང་མ་དང་གཅིག་མཚུངས་ཡིན། བཟོ་པ་དང་ཞིང་པ་ནི་སྔར་བཞིན་ཏང་ཡོན་དཔུང་ཁག་གི་བྱེད་པོ་ཡིན་པ་དེས་བསྡོམས་འབོར་གྱི་32.7%བཟུང་ཡོད།
ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ཅིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ལོ་ཧྲིལ་པོར་གསོ་སྦྱོང་བྱས་པའི་ཏང་ཡོན་གྱི་གྲངས་འབོར་ལོ་གོང་མ་ལས་16.5%འཕར་བ་དང་རྫོང་རིམ་པ་ཡན་གྱི་ཏང་ཨུད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་436.6ལ་ལས་བྲལ་གསོ་སྦྱོང་བྱས་པ་རེད། ཏང་གི་རྩ་འཛུགས་འཚོ་བ་ཚད་ལྡན་དུ་ནན་པོ་བཏང་སྟེ། ས་གནས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་3200ཡིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་ཏང་ཀྲི་པུའུ་ཁྲི་451.8ཀྱིས་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་པ་དང་ཏང་ཡོན་ལ་དམངས་གཙོའི་དཔྱད་བསྡུར་བྱས་པ་རེད།
གཞི་རིམ་ཏང་རྩ་འཛུགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་ཞིང་། རྒྱལ་ཡོངས་སུ་གཞི་རིམ་ཏང་ཨུད་ཁྲི་30.6དང་། སྤྱི་ཁྱབ་ཀྲི་པུའུ་ཁྲི་33.0 ཀྲི་པུའུ་ཁྲི་461.4བཅས་བཙུགས་པར་ལོ་གོང་མ་ལས་ཁྲི་0.9དང་། ཁྲི་0.5 ཁྲི་6.0བཅས་སོ་སོར་འཕར་ནས་རྩ་འཛུགས་འཛུགས་ཚུལ་སྔར་བས་ཚན་རིག་དང་མཐུན་ཞིང་ཚད་ལྡན་དུ་གྱུར་ཡོད། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པར། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་48.5ཡི་ཁྲོད་ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་རྒྱུས་ལྡན་མཁན་གྱིས་47.6%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་3.6མཐོ་རུ་ཕྱིན་ཡོད། མུ་མཐུད་གྲོང་སྡོད་ཧྲུའུ་ཅི་དང་པོ་ཧྲག་གཏོང་ལེགས་སྤྱོད་བྱས་པ་དང་། ད་ལྟ་འགན་ཁུར་མུས་ཀྱི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཁྲི་19.2ཡོད་པར་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་39.5%ལ་ཁྱབ་ཡོད། ཏང་གིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་སྟོབས་ཤུགས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།