དམག་ཡོངས་ཀྱི་དཔུང་སྡེས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུས་པ།
ཉིན་ཤས་བསྟུད་མར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་ཆེད། དམག་ཡོངས་ཀྱི་དཔུང་སྡེས་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། དཔོན་དམག་ཚོས་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ་དང་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་སོགས་བརྒྱུད། གསར་བརྗེའི་ས་བོན་རྒྱུན་འཛིན་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་ནང་ཞུགས་ནས་དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་ཚད་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། འདི་ནི་ཟླ་7ཚེས་1ཉིན་དྲག་ཆས་ཉེན་རྟོག་ཧྲང་ཧའེ་སྤྱི་ཁྱབ་རུ་ཁག་སྐབས་བསྟུན་ཉིང་ལག་རུ་ཁག་གཉིས་པས་ཏང་ཡོན་གྱི་འཐུས་མིར“ཆབ་སྲིད་ཀྱི་སྐྱེས་སྐར”གྱི་རྟེན་ཤོག་སྤྲོད་བཞིན་པ།