སྡེ་ཚན་གཉིས་ཀྱིས་སླར་ཡང་ཛ་དྲག་ངང་སྒོར་དུང་ཕྱུར་1.4སྔོན་གཏོང་བྱས་ཏེ།
ཀུའེ་ཀྲོའུ་དང་ཧུའུ་ནན་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་ལས་དོན་ཡག་པོ་སྤེལ་བར་རྒྱབ་སྐྱོར་བྱས་པ།
ཟླ་བ་དྲུག་པའི་ཟླ་དཀྱིལ་ཚུན་དུ། ཀུའེ་ཀྲོའུ་དང་ཧུའུ་ནན་ལ་དྲག་ཆར་ཆེན་པོ་བབས་པའི་གནམ་གཤིས་ཡང་ཡང་བསྟན་ནས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་པ་དང་། ལྷག་པར་དུ་ཀུའེ་ཀྲོའུ་ཤར་ལྷོ་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་དང་ཚུང་ཅང་སོགས་ཀྱི་ས་ཆར་གནོད་འཚེ་ཕོག་ཚབས་ཆེ་ལ་གནས་སྤོ་བྱེད་དགོས་པའི་མང་ཚོགས་མང་བ་དང་གནོད་འཚེའི་གྱོང་གུན་ཤིན་ཏུ་ཆེ།
ཟླ་6ཚེས་30ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཚེས་23ཉིན་ཀུའེ་ཀྲོའུ་དང་ཧུའུ་ནན་ལ་སྒོར་དུང་ཕྱུར་1.6སྔོན་གཏོང་བྱས་པའི་རྨང་གཞིའི་ཐོག སླར་ཡང་ཛ་དྲག་ངང་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.4སྔོན་གཏོང་བྱས་ཏེ། ཞིང་ཆེན་གཉིས་ཀྱི་གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་དང་གནས་སྤོ་བཀོད་སྒྲིག བར་བརྒལ་དུས་ཀྱི་འཚོ་བའི་རོགས་སྐྱོར། གཏོར་སྐྱོན་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས། གནོད་འཚེ་ཕོག་ཁུལ་གྱི་རྒྱུན་གཏན་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པར་སྐུལ་འདེད་གཏོང་བར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་རྒྱུ་རེད།