དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་8པར། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་ཁང་དུ་འཚོགས་པ་རེད། “བདུན་གཅིག་གཟེངས་རྟགས”ཐོབ་མཁན་ཁག་གཅིག་དང་། “དུས་རབས་ཀྱི་དཔེ་བཟང”མི་སྣ་ཡག་ཤོས་ཀྱི་འཐུས་མི། “རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ”དང་ཕུལ་བྱུང་གཞི་རིམ་ཏང་ཡོན་ལས་བྱེད་པའི་འཐུས་མི་བཅས་ཀྱིས་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་800ལྷག་ཙམ་དང་མཉམ་དུ་ཡུལ་དངོས་ཀྱི་འཁྲབ་སྟོན་ལ་བལྟས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།