དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱིས་པོ་ལི་ཝེ་ཡར་བཟོ་ལས་ནུས་པ་ཆེ་རུ་གཏོང་རོགས་བྱས་ཡོད”

    པོ་ལི་ཝེ་ཡ་ནུས་རྒྱུ་པུའུ་ནུས་རྒྱུ་འཆར་འགོད་དང་འཕེལ་རྒྱས་ཀྱི་པུའུ་ཀྲང་གཞོན་པ་ཝེ་ལ་སི་ཁེ་སིར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཝང་ཤའོ་པོ། མོང་ཞང་ལིན།   |     སྤེལ་དུས།  2025-07-03

    “འདི་ནི་ང་རང་ཀྲུང་གོར་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ས་ཆ་མང་པོར་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་ངས་ཚོར་བྱུང”ཞེས་ཉིན་ཤས་གོང་པོ་ལི་ཝེ་ཡ་ནུས་རྒྱུ་པུའུ་ནུས་རྒྱུ་འཆར་འགོད་དང་འཕེལ་རྒྱས་ཀྱི་པུའུ་ཀྲང་གཞོན་པ་ཝེ་ལ་སི་ཁེ་སིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད། ཉེ་ཆར། པེ་ཅིང་དང་། སི་ཁྲོན། མཚོ་སྔོན་སོགས་སུ་ཝེ་ལ་སི་ཁེ་སིས་ལྟ་སྐོར་འཚམས་འདྲི་བྱས་ནས་ཀྲུང་གོའི་ནུས་རྒྱུའི་ཁྱབ་ཁོངས་འཕེལ་རྒྱས་དང་དེ་བཞིན་བསྐྱར་སྐྱེས་ནུས་རྒྱུ་གསར་སྤེལ་བེད་སྤྱོད་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། “འབྲེལ་ཡོད་ཁྱབ་ཁོངས་ཐད་པོ་ལི་ཝེ་ཡ་དང་ཀྲུང་གོའི་ཉམས་མྱོང་སྤེལ་རེས་དང་ལག་རྩལ་མཉམ་ལས་བྱེད་པ་ནི་ཧ་ཅང་གལ་འགངས་ཆེ་བས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    ཝེ་ལ་སི་ཁེ་སིས་བརྗོད་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁྱབ་ཁོངས་མང་པོར་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། ཀྲུང་གོས་བསྐྱར་སྐྱེས་ནུས་རྒྱུའི་ལག་རྩལ་བཀོལ་སྤྱོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད་པས། འགྱུར་བྱུང་ནུས་རྒྱུ་ཚབ་བརྗེ་དང་ནུས་རྒྱུ་ཕྱོགས་སྒྱུར་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། “གློག་ཤུགས་ཐོན་སྐྱེད་ཁྲོད་བཟུང་བའི་བསྐྱར་སྐྱེས་ནུས་རྒྱུའི་བསྡུར་ཚད་མཐོ་རུ་གཏོང་བ་དེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེན་པོ་ཡིན། ཀྲུང་གོས‘ཐཱན་གཉིས’དམིགས་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ལ། འོད་ཤུགས་དང་། རླུང་གློག ཆུ་གློག་སོགས་ཁྱབ་ཁོངས་ལ་ཐོབ་པའི་ལག་རྩལ་ཚད་བརྒལ་གྱིས་འགག་རྩའི་ནུས་པ་ཡང་འདོན་བཞིན་ཡོད། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱིས་པོ་ལི་ཝེ་ཡ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་སྐབས་སྦྱིན་ཡོད”

    “ཉེ་བའི་ལོ་ཤས་རིང་། པོ་ལི་ཝེ་ཡ་དང་ཀྲུང་གོའི་མཉམ་ལས་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ཡོད། དཔལ་འབྱོར་ཚོང་དོན་གྱི་ཁྱབ་ཁོངས་སུ་པོ་ལི་ཝེ་ཡའི་ཚགས་ཤ་དང་ལི་གྲོ་སོགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱས་པ་དང་། ཁག་དང་པོའི་ཆི་ཡ་འབྲུ་རྡོག་ཏུན་25ད་ལོའི་ཟླ་4པར་ཀྲུང་གོར་ཕྱིར་གཏོང་བྱས་ཡོད། པོ་ལི་ཝེ་ཡ་རུ་ཀྲུང་གོའི་ཁེ་ལས་ཀྱིས་ཆུ་ཤུགས་གློག་ཁང་དང་གཞུང་ལམ་སོགས་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་མང་པོ་བསྐྲུན་རོགས་བྱས་ཡོད”རྣམ་གྲངས་རང་ངོས་ཀྱི་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཕུད་ད་དུང་མཉམ་ལས་ལ་བརྟེན་ནས་མངོན་འགྱུར་བྱུང་བའི་ལག་རྩལ་དང་ཉམས་མྱོང་མཉམ་སྤྱོད་ལས་ཀྱང་པོ་ལི་ཝེ་ཡའི་རང་ངོས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་རོགས་རམ་བྱེད་ཐུབ་རྒྱུ་རེད་ཅེས་ཝེ་ལ་སི་ཁེ་སིས་བརྗོད་པ་རེད།

    ད་རེས་ཝེ་ལ་སི་ཁེ་སི་ཀྲུང་གོར་ཡོང་ནས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོ་ཚོང་དོན་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་ཡིས་སྒྲིག་འཛུགས་བྱས་པའི་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་ལག་རྩལ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་ཞུགས་པ་རེད། “ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་བྱེད་སྒོ་སྤེལ་རིང་ལག་རྩལ་སྤེལ་རེས་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་ལས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང” ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་ཁྱབ་ཁོངས་ཀྱི་སྣེ་ཁྲིད་པའི་གྲས་སུ་གྱུར་ཡོད། མིག་སྔར་པོ་ལི་ཝེ་ཡ་དང་ཀྲུང་གོའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མཉམ་ལས་དེ་སྲོལ་རྒྱུན་གྱི་ནུས་རྒྱུ་ནས་ནུས་རྒྱུ་གསར་པའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་བཞིན་ཡོད་ལ། པོ་ལི་ཝེ་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འོད་ཤུགས་གློག་འདོན་སོགས་ཀྱི་རྣམ་གྲངས་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད། “རྒྱལ་ཁབ་གཉིས་པོའི་བསྐྱར་སྐྱེས་ནུས་རྒྱུའི་མཉམ་ལས་སྔར་བས་རྒྱ་སྐྱེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་ལས་མང་བས་པོ་ལི་ཝེ་ཡར་མ་རྩ་འཇོག་རྒྱུར་དགའ་བསུ་ཡང་ཞུ་གི་ཡིན”ཞེས་ཝེ་ལ་སི་ཁེ་སིས་བརྗོད་པ་རེད།

    ཝེ་ལ་སི་ཁེ་སི་ད་དུང་ད་ལོ་པེ་ཅིང་དུ་གཉེར་བའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་པ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། “ཀྲུང་གོ་ནི་ལ་ཏིང་མེ་གླིང་གི་འཐབ་ཇུས་རོགས་ཟླ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་སོགས་གྲོས་འགོ་གལ་ཆེན་མང་པོར་ལ་ཏིང་མེ་གླིང་ས་ཁུལ་དུ་དགའ་བསུ་ཆེན་པོ་ཐོབ་ཡོད”འཛམ་གླིང་གི་དུས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་དབང་གིས་ཕྱོགས་མང་མཉམ་ལས་ཀྱི་གལ་ཆེན་རང་བཞིན་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཚེ། སྔར་བས་རྒྱ་ཁྱབ་ཀྱི་མཉམ་ལས་དང་དེ་བས་དྲང་གཞག་གི་རྒྱལ་སྤྱིའི་འབྲེལ་བར་སྐུལ་འདེད་གཏོང་ཐུབ་ཅེས་ཁོང་གིས་བརྗོད་པ་རེད།

    ཝེ་ལ་སི་ཁེ་སིས་བརྗོད་དོན། 《ཀྲུང་གོ་དང་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ཐུན་མོང་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོ་བར)》ལས་ཀྲུང་གོས་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་མཚོན་ཡོད། “ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་མཁན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གཙོ་ཁྲིད་བྱེད་པའམ་ཡང་ན་དེའི་ནང་ཞུགས་པའི་ལྷོ་ལྷོ་མཉམ་ལས་ལམ་སྲོལ་གྱིས་ལ་ཏིང་མེ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བཏོད་ཡོད། པོ་ལི་ཝེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ལ་ཏིང་མེ་གླིང་དང་ཀྲུང་གོའི་གླེང་སྟེགས་དང་འབོ་གསེར་མཉམ་ལས་ལམ་སྲོལ་སོགས་མཉམ་ལས་སྒྲོམ་གཞི་བརྒྱུད། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་སྔོག་འདོན་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།