ཕྱི་འབྲེལ་པུས་བརྗོད་དོན།
རྒྱལ་ཁབ་ཁག་དང་མཉམ་དུ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་གོ་ལ་ཧྲིལ་པོ་འཕེལ་རྒྱས་དང་འཛམ་གླིང་དེང་རབས་ཅན་ལ་མཐུན་རྐྱེན་སྐྲུན་འདོད་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་6ཚེས་30ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་བརྗོད་དོན། ཉེ་བའི་ལོ་ཤས་རིང་། འཕྲུལ་མི་དང་། རིག་ནུས་མིག་ཤེལ། ཀླད་འཕྲུལ་སྦྲེལ་བའི་སྨན་བཅོས་སྒྲིག་བཀོད་སོགས་སྔོན་ཐོན་ཁྱབ་ཁོངས་ཀྱི་ཐོན་རྫས་གསར་པ་ཀོང་ཀྲོའུ་ཚོང་འདུས་དང་། འཛད་རྫས་འགྲེམས་ཚོགས། འཁོར་འབྲེལ་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་བརྒྱུད་ཕུད་འགྲེམས་བྱས་ཡོད། འགྲེམས་ཚོགས་དེ་དག་ནི་ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་གསར་མའི་རྣམ་པ་ཧྲིལ་པོ་འགྲེམས་སྟོན་བྱེད་སའི་སྐར་ཁུང་ཞིག་རེད་ལ། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་འབྲེལ་ཟམ་གལ་ཆེན་ཞིག་ཏུའང་གྱུར་ནས་ཀྲུང་གོའི་སྒོ་དབྱེ་བསྟུན་མཁས་དང་གཉིས་ཕན་གཉིས་ཁེའི་ཚན་རྩལ་གསར་གཏོད་ཀྱི་འདུ་ཤེས་ལའང་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ཡོད།
“ཀྲུང་གོའི་གསར་གཏོད་དང་འཕེལ་རྒྱས་ཀྱིས་རང་ངོས་ལ་ཞབས་འདེགས་ཞུས་པ་མ་ཟད། འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་རྒྱུ་རེད། ང་ཚོས་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་དབྱེ་མཉམ་ལས་ལ་བརྟེན་ནས་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་གོ་ལ་ཧྲིལ་པོ་འཕེལ་རྒྱས་དང་འཛམ་གླིང་དེང་རབས་ཅན་ལ་མཐུན་རྐྱེན་བསྐྲུན་འདོད་ཡོད”ཅེས་མའོ་ཉིང་གིས་བརྗོད།