ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་པེ་ཅིང་ནས་ཐོན་པ།
ཟླ་6ཚེས་30ཉིན། པེ་ཅིང་ནས་ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུ་བར་གྱི་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་ནས་ཐོན་པ་རེད། ད་ཐེངས་ཀྱི་དུས་གཏན་མེ་འཁོར་ནང་ལྗིད་ཚད་ལ་ཏུན་2300ལྷག་ཙམ་ཟིན་པའི་རླངས་འཁོར་གྱི་ལྷུ་ལག་དང་འཕྲུལ་འཁོར་སྒྲིག་ཆས་སོགས་ཕྱིར་གཏོང་ཐོན་རྫས་ཁྱོན་ཚད་ལྡན་དོས་སྒམ་104བླུགས་ནས“ལྕགས་ལམ——མཚོ་ཐོག——ལྕགས་ལམ”གྱི་མཉམ་འདྲེན་སྣ་མང་བྱ་ཐབས་སྤྱད་དེ་སྤྱི་ལེ་8000ལྷག་ཙམ་སྐྱོད་དགོས་ཀྱི་ཡོད་པར། དུས་ཡུན་ཉིན་15ཡས་མས་འགོར་གྱི་ཡོད། ལི་ཧའེ་རྒྱ་མཚོ་སྒྲོལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་བགྲོད་ལམ་ལྷོ་མ་དེ་ཡིན་པ་དང་། ལྕགས་ལམ་དང་གྲུ་ཐོག་སྐྱེལ་འདྲེན་གྱི་མཉམ་འདྲེན་སྣ་མང་བྱ་ཐབས་དེ་སྲོལ་རྒྱུན་གྱི་མཚོ་ཐོག་སྐྱེལ་འདྲེན་ལས་ལམ་ཐག་ཐུང་བ་མ་ཟད་བརྟན་བརླིང་རང་བཞིན་ཀྱང་དེ་བས་ཆེན་པོ་ཡོད་པས། ཀྲུང་གོ་དང་ཡོ་རོབ་དང་དེ་བཞིན་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དབར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་བཏང་ཡོད།