སི་ཁྲོན་དཀར་མཛེས་ཀྱི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་ཕྱོགས་ཡོངས་ནས་འཕྲུལ་གློག་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་པ།
ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་སྟོད་རྒྱུད་དུ་གནས་པ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་ཆུ་ཤུགས་གློག་ཁང་13གྱི་རིམ་པ་7པ་དང་རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་མཇུག་མཐུད་རྟེན་གཞི་དང་ལྷོ་ནུབ་ཆུ་གློག་རྟེན་གཞི་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད།
འདི་ནི་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཀེ་ཀྲོའུ་ཆུ་རགས་འགག་གསུམ་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བའི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་ཆུ་འདྲེན་གློག་གཏོང་མ་ལག་ལས་གྲྭའི་བཟོ་ཁང་གཙོ་བོའི་འཕྲུལ་ཚན་6གིས་གློག་གཏོང་འཕྲུལ་རིམ་གྱི་ཨར་འདམ་ལུགས་བརྒྱབ་ཟིན་ནས་འཕྲུལ་གློག་སྒྲིག་སྦྱོར་གྱི་དུས་མཚམས་སུ་ཕྱོགས་ཡོངས་ནས་སླེབས་པ།