ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ནང་ཁུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ།
2024ལོའི་ཟླ་12ཚེས་31ཉིན་བར། ལྗོངས་ཡོངས་སུ་ཏང་ཡོན་བསྡོམས་འབོར་ཁྲི་47.04ཟིན་པ་དེ་2023ལོའི་ལོ་མཇུག་དང་བསྡུར་ན་ཁྲི་1.11འཕར་ནས་འཕར་ཚད་2.42%ཟིན་ཡོད་པ་རེད།
ལྗོངས་ཡོངས་སུ་ད་ཆ་ཏང་གི་གཞི་རིམ་རྩ་འཛུགས་ཁྲི་2.39ཡོད་པ་དེ་2023ལོའི་ལོ་མཇུག་དང་བསྡུར་ན་ཁྲི་0.02འཕར་ནས་འཕར་ཚད་0.84%ཟིན་ཡོད། དེའི་ནང་གཞི་རིམ་ཏང་ཨུད་ཁྲི་0.17དང་། སྤྱི་ཁྱབ་ཀྲི་པུའུ་ཁྲི་0.10 ཀྲི་པུའུ་ཁྲི་2.12བཅས་ཡོད་པ་རེད།
གཅིག ཏང་ཡོན་དཔུང་ཁག་གི་གནས་ཚུལ།
ཏང་ཡོན་གྱི་ཕོ་མོའི་དབྱེ་བ་དང་། མི་རིགས། སློབ་རྒྱུས་བཅས་ཀྱི་སྐོར། བུད་མེད་ཏང་ཡོན་ཁྲི་15.00ཟིན་པ་དེས་31.89%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་37.56ཟིན་པ་དེས་79.85%བཟུང་ཡོད། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེའི་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་21.06ཟིན་པ་དེས་44.77%བཟུང་ཡོད།
ཏང་ཡོན་གྱི་ལོ་ཚད་སྐོར། ལོ་30དང་དེའི་མན་གྱི་ཏང་ཡོན་ཁྲི་10.52དང་། ལོ་31ནས་35བར་གྱི་ཏང་ཡོན་ཁྲི་9.14 ལོ་36ནས་40བར་གྱི་ཏང་ཡོན་ཁྲི་7.66 ལོ་41ནས་45བར་གྱི་ཏང་ཡོན་ཁྲི་5.45 ལོ་46ནས་50བར་གྱི་ཏང་ཡོན་ཁྲི་4.24 ལོ་51ནས་55བར་གྱི་ཏང་ཡོན་ཁྲི་3.44 ལོ་56ནས་60བར་གྱི་ཏང་ཡོན་ཁྲི་2.39 ལོ་61དང་དེའི་ཡན་གྱི་ཏང་ཡོན་ཁྲི་4.21བཅས་ཡོད་པ་རེད།
ཏང་ཡོན་ཏང་ནང་ཞུགས་པའི་དུས་ཚོད་ཀྱི་སྐོར། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་མཁན་1དང་། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གོང་བར་ཏང་ནང་ཞུགས་མཁན་ཁྲི་1.63 ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གོང་བར་ཏང་ནང་ཞུགས་མཁན་ཁྲི་23.09 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ཏང་ནང་ཞུགས་མཁན་ཁྲི་22.32བཅས་ཡོད་པ་རེད།
ཏང་ཡོན་གྱི་ལས་རིགས་སྐོར། བཟོ་པ(ལས་བཟོ་རྩལ་ནུས་མི་སྣ)ཁྲི་2.08དང་། ཞིང་འབྲོག་པ་ཁྲི་20.93 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་6.68 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣ་ཁྲི་2.15 ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་9.64 སློབ་མ་ཁྲི་0.42 ལས་རིགས་གཞན་དག་གི་མི་སྣ་ཁྲི་1.60 ལས་བྲལ་ལས་འཁྱུར་མི་སྣ་ཁྲི་3.55བཅས་ཡོད་པ་རེད།
གཉིས། ཏང་ཡོན་འཕེལ་རྒྱས་ཀྱི་གནས་ཚུལ།
2024ལོར་ཁྱོན་ཏང་ཡོན་ཁྲི་1.48འཕེལ་རྒྱས་བཏང་ཡོད།
འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་ཕོ་མོའི་དབྱེ་བ་དང་། མི་རིགས། ལོ་ཚད། སློབ་རྒྱུས་བཅས་ཀྱི་སྐོར། བུད་མེད་ཏང་ཡོན་ཁྲི་0.68འཕེལ་རྒྱས་བཏང་བ་དེས་45.95%བཟུང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་1.05འཕེལ་རྒྱས་བཏང་བ་དེས་70.95%བཟུང་བ། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་1.28འཕེལ་རྒྱས་བཏང་བ་དེས་86.49%བཟུང་བ། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་0.92འཕེལ་རྒྱས་བཏང་བ་དེས་62.16%བཟུང་ཡོད་པ་རེད།
འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་ལས་རིགས་སྐོར། བཟོ་པ(ལས་བཟོ་རྩལ་ནུས་མི་སྣ)ཁྲི་0.15དང་། ཞིང་འབྲོག་པ་ཁྲི་0.38 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་0.33 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣ་ཁྲི་0.11 ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་0.16 སློབ་མ་ཁྲི་0.18 ལས་རིགས་གཞན་དག་གི་མི་སྣ་ཁྲི་0.17བཅས་ཡོད་པ་དང་། ཐོན་སྐྱེད་དང་ལས་དོན་གྱི་འཐབ་ས་དང་པོར་ཏང་ཡོན་ཁྲི་1.29འཕེལ་རྒྱས་བཏང་ཡོད་པ་རེད།
གསུམ། ཏང་ནང་ཁུལ་གྱི་གཟེངས་བསྟོད་གནས་ཚུལ།
2024ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་904དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་6531 ཕུལ་བྱུང་ཏང་དོན་ལས་དོན་པ་1927བཅས་ལ་གཟེངས་བསྟོད་བྱས་པ་དང་། ལོ་ཧྲིལ་པོར“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་གསོའི་རྟགས་མ་1537སྤྲད་ཡོད་པ་རེད།
བཞི། ཏང་ཞུགས་རེ་འདུན་གྱི་གནས་ཚུལ།
2024ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ཏང་ཞུགས་རེ་འདུན་ཞུ་མཁན་ཁྲི་4.53དང་ཏང་ཞུགས་ཧུར་བརྩོན་ཅན་ཁྲི་2.97ཡོད་པ་རེད།
ལྔ། ཏང་རྩ་འཛུགས་ཀྱི་གནས་ཚུལ།
ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་སྐོར། ལྗོངས་ཡོངས་སུ་ཁྱོན་ཏང་གི་རིམ་ཁག་ས་གནས་ཨུ་ཡོན་ལྷན་ཁང་81ཡོད་པའི་ནང་རང་སྐྱོང་ལྗོངས་ཏང་ཨུད་1དང་། གྲོང་ཨུད་6 རྫོང(ཆུས་དང་གྲོང་ཁྱེར)ཨུད་74ཡོད་པ་རེད།
གྲོང་ཁྱེར་གྱི་ཁྲོམ་གཞུང་དང་། ཤང་དང་གྲོང་རྡལ། སྡེ་ཁུལ། སྲིད་འཛིན་གྲོང་ཚོ་བཅས་ཀྱི་ཏང་རྩ་འཛུགས་སྐོར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་ཁྲོམ་གཞུང་38དང་། ཤང་དང་གྲོང་རྡལ་676 སྲིད་འཛིན་གྲོང་ཚོ་5287བཅས་སུ་ཏང་རྩ་འཛུགས་བཙུགས་ནས་ཁྱབ་ཚད་100%ཟིན་པ་དང་། ལྗོངས་ཡོངས་ཀྱི་སྡེ་ཁུལ་313ལ་ཏང་རྩ་འཛུགས་བཙུགས་ནས་ཁྱབ་ཚད་99.68%ཟིན་ཡོད།
ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཏང་རྩ་འཛུགས་སྐོར། ལྗོངས་ཡོངས་སུ་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.70དང་། བྱ་གཞག་ཚན་པའི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.33 ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.25 སྤྱི་ཚོགས་རྩ་འཛུགས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་0.05བཅས་བཙུགས་ནས་ཏང་རྩ་འཛུགས་འཛུགས་དགོས་རིགས་ཚང་མར་གཞི་རྩའི་ཆ་ནས་བཙུགས་ཡོད་པ་རེད།
(ཟུར་མཆན། སྤྱི་བསྒྲགས་འདིའི་བསྡོམས་གྲངས་སམ་ཡང་ན་བལྟོས་བཅས་ཀྱི་གྲངས་ཀ་ཁག་གཅིག་རྩིས་གཞི་མི་འདྲ་བའི་དབང་གིས་བྱུང་བའི་ནོར་འཁྲུལ་ཚང་མར་འཕྲུལ་ཆས་ཀྱིས་ལེགས་སྒྲིག་བྱས་མེད)