ས་གནས་ཁག་གིས་བྱེད་སྒོ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་བཅུ་མེད་བཞི་འཁོར་བར་རྟེན་འབྲེལ་ཞུས་པ།
གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱེད།
ཉིན་ཤས་བསྟུད་མར། ས་གནས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། ཏང་ཡོན་གྱིས་མཉམ་དུ་དམ་བཅའ་འཇོག་པ། འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྒྲིག་འཛུགས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཉེ་ཆར། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཡུས་ཏུའུ་རྫོང་གིས་ཏང་ཡོན་གསར་པ་180ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་དྲན་གསོ་ཁང་དུ་ཡོང་ནས་རྒྱང་སྐྱོད་ཀྱི་ལོ་ཟླར་བསྐྱར་དྲན་བྱས་པ་རེད། ཏང་ཡོན་གསར་པ་ལན་ཧྲེང་རུང་གིས“མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་ནི་ཏང་གི་སྤྱོད་ཚུལ་བཟང་པོ་ཡིན། ངས་ལས་ཀའི་ཁྲོད་དུ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་ཧུར་ཐག་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་བསྒྲུབ་ཀྱི་ཡིན”ཞེས་བཤད།
ཅང་སུའུ་ཞིང་ཆེན་པིན་ཧའེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་ཡུས་ཚའེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་སྔོན་གཤེགས་དཔའ་བོ་ཀུའུ་ཀྲེང་ཧུང་གི་སྡོད་གནས་རྙིང་པ་དང་ཀུའུ་ཀྲེང་ཧུང་གི་མཛད་རྗེས་འགྲེམས་སྟོན་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། གཞོན་ནུ་ཏང་ཡོན་ལི་ལིན་གྱིས“པིན་ཧའེ་རྫོང་ནི་སྔོན་གཤེགས་དཔའ་བོ་ཀུའུ་ཀྲེང་ཧུང་གི་ཕ་ཡུལ་རེད། ཁོང་གིས་བཟོ་པའི་ལས་འགུལ་གྱི་ཆེད་དུ་ལང་ཚོ་དང་ཐ་ན་ཚེ་སྲོག་བློས་བཏང་བ་རེད། ངས་གསར་བརྗེའི་མེས་པོ་རྣམས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ཏེ་གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་གྱི་ཡིན”ཞེས་བཤད།
ཁྲུང་ཆིང་གྲོང་ཁྱེར་པེ་པེ་ཆུས་ཀྱི་སྔོན་གཤེགས་དཔའ་བོ་ཝང་ཕུའུ་ཡི་དྲན་གསོ་ཁང་དུ་ཐེན་ཧྲེང་ཁྲོམ་གཞུང་ལྷོ་ནུབ་སློབ་ཆེན་སྡེ་ཁུལ་བྱང་མས་ཏང་ཡོན་གསར་པ་15སྒྲིག་འཛུགས་བྱས་ནས་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད། ལོ་76ལ་སླེབས་པའི་ཏང་ཡོན་རྒན་གྲས་ལིའུ་ཀོང་ཞ་ཡིས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་འཇོག་པའི་སྣེ་ཁྲིད་པ་དང་འབྲེལ། ཏང་ཡོན་གསར་པར་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་སྒྲོག་འགྲེལ་བྱས་པ་དང་དང་བླངས་ཞབས་ཞུའི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།
ཧའེ་ནན་ཞིང་ཆེན་ཝུའུ་ཀྲི་ཧྲན་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་དྲན་གསོ་ཁང་དུ་ཝུའུ་ཀྲི་ཧྲན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས། ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་གསར་བརྗེའི་ལོ་རྒྱུས་ལ་དྲན་གསོ་བྱས་པ་རེད།
“བདུན་གཅིག”གི་སྔ་སྣུར་དུ། ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་མུ་མཐུད་སྤེལ་ནས། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་བྱེད་པའི་ལས་དོན་སེམས་ནུས་ཡོད་རྒུས་བསྒྲུབས་ཤིང་། ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཐེ་ཤིས་ཆུས་ཤིང་ཧྲུན་ཁྲོམ་གཞུང་ཅ་ཡེ་སྡེ་ཁུལ་དུ་ཡིག་གཟུགས་བརྩམས་ཆོས་རེ་རེ་ལས་ཏང་ཡོན་དང་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། སྡེ་ཁུལ་གྱིས་སྲིད་གཙང་གི་བརྗོད་དོན་གཙོ་བོར་དམིགས་ནས་ཡིག་གཟུགས་དང་། རི་མོ། ཤོག་དྲས་སོགས་ཀྱི་བརྩམས་ཆོས་རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་ཏེ་སྤྱོད་གཙང་རིག་གནས་ཀྱི་ཡིག་རིས་འགྲེམས་སྟོན་བྱས་པ་རེད།
ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་ཅིའུ་ཡོན་ཆུས་ཧྲ་ཧོ་ཁྲོམ་གཞུང་དབན་ཏ་སྡེ་ཁུལ་དུ་འཚམས་འདྲི་བྱེད་པར་ཡོང་བའི་ཏང་ཡོན་དང་བླངས་པ་མཐོང་སྐབས། ན་ནས་ཉལ་ཁྲིར་ལུས་པའི་ཏང་ཡོན་རྒན་གྲས་ཝང་མེ་ཤན་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“སྡེ་ཁུལ་གྱི་ཏང་ཡོན་གྱིས་དུས་བཀག་ནང་ཁྱིམ་དུ་གཙང་སྦྲ་བྱེད་པར་ཡོང་བ་མ་ཟད། ད་དུང་ཁྱིམ་ཚང་སྨན་པ་དང་འབྲེལ་གཏུག་བྱེད་རོགས་བྱས་པས་དངོས་གནས་བློ་བདེ་པོ་འདུག”ཅེས་བཤད། སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་མོ་ཡིས་ཁོང་ལ་རྒྱུན་སྤྱོད་སྨན་རྫས་ཀྱི་ཤོག་སྒམ་ཐོག་སྨན་གཏོང་བའི་དུས་ཚོད་གསལ་པོ་བྲིས་ནས་སྨན་གཏོང་རྒྱུ་མ་བརྗེད་པ་བྱེད་དགོས་པའི་མངགས་བྱ་བྱས་པ་དང་ད་དུང་དཀའ་ངལ་ཡོད་ན་སྡེ་ཁུལ་ལ་ཁ་པར་རྒྱོབས་ཤོག་ཅེས་བཤད་པ་རེད།