གསར་ཐོན་ཚན་ཞིབ་སྟོབས་ཤུགས་ཀྱིས་འཕྲུལ་མི་འཚར་ལོངས་ཡོང་བར་རམ་འདེགས་བྱས་པ།
ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་གྱིས་འཕྲུལ་མིའི་ཁྱབ་ཁོངས་བཀོད་སྒྲིག་མྱུར་པོ་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་སློབ་གླིང་དང་ཁང་གི་ཤེས་ལྡན་པའི་ལེགས་ཆ་དང་གསར་གཏོད་མ་ལག་གི་ལེགས་ཆར་བརྟེན་ཏེ་ཝུའུ་ཧན་སློབ་ཆེན་དང་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་སོགས་འཕྲུལ་མིའི་འབྲེལ་ཡོད་རྣམ་གྲངས་ཞིབ་སྤེལ་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཏེ“མཁའ་འདྲི”དང“ངལ་རྩོལ་བ”སོགས་འཕྲུལ་མི་རབ་དང་རིམ་པ་གཅིག་སྡུད་ཐོག་བཏོན་ཡོད། འདི་ནི་ཟླ་6ཚེས་30ཉིན། ཝུའུ་ཧན་ཀེ་ལན་རུའོ་རིག་ནུས་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིར་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མ་ལིན་ཝེ་ཞོན་གྱིས་འཕྲུལ་མི་སྤྱོད་བཞིན་པ།