རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་རྒྱ་ཡིག་བསླབ་གཞི་སྣ་ཚོགས་ཁེན་ནི་ཡར་ཐོག་མར་འགྲེམས་སྤེལ་བྱས་པ།
ཟླ་6ཚེས་27ཉིན། འབྲི་ཆུ་ཁྱབ་སྤེལ་སྨྱན་སྦྱོར་གྱི“ཨ་ཧྥེ་རི་ཁར་བསྐྱོད་དེ”ལོ་བཅུ་འཁོར་བའི་དེབ་གསར་ཡོངས་བསྒྲཌ་ཚོགས་འདུ་དང་དཔེ་སྐྲུན་གྲུབ་འབྲས་འགྲེམས་སྟོན་ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་ཁུང་ཙི་སློབ་གླིང་དུ་འཚོགས་པ་རེད། 《ཨ་ཧྥེ་རི་ཁ་ཤར་མར་སྤྱོད་པའི་རྒྱ་ཡིག་བསླབ་གཞི(དམའ་རིམ)》ཀྱི་སྟོད་ཆ་དང་སྨད་ཆ། 《རྒྱ་ཡིག་གི་གསར་རྟོགས་རིམ་སྤེལ་རིས་དེབ》ཀྱི་དེབ་དང་པོ་དང་གཉིས་པ་སོགས་དཔེ་དེབ་མང་པོ་ཐོག་མར་འགྲེམས་སྤེལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《ཨ་ཧྥེ་རི་ཁ་ཤར་མར་སྤྱོད་པའི་རྒྱ་ཡིག་བསླབ་གཞི》ནི་ཁེན་ནི་ཡས་ཨ་ཧྥེ་རི་ཁ་ཤར་མའི་རྒྱ་ཡིག་སློབ་ཁྲིད་ཀྱི་ཁྱད་ཆོས་དང་ཟུང་དུ་སྦྲེལ་ནས་རྩོམ་སྒྲིག་བྱས་པའི་རྒྱ་ཡིག་བསླབ་དེབ་ཐོག་མ་དེ་ཡིན་ཞིང་། ཧུའུ་པེ་འབྲི་ཆུ་དཔེ་སྐྲུན་ཁྱབ་སྤེལ་སྨྱན་སྦྱོར་ཚོགས་པ་དང་ནེ་རོ་པི་སློབ་ཆེན་གྱིས་མཉམ་དུ་དཔེ་སྐྲུན་བྱས་པ་ཞིག་རེད། བསླབ་གཞི་དེ་ནེ་རོ་པི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཚོགས་པ་དང་རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོའི་རིགས་གཅིག་མཁས་ཅན་གྱིས་མཉམ་དུ་རྩོམ་སྒྲིག་བྱས་པ་ཞིག་ཡིན་པས། “བེད་སྤྱོད་རང་བཞིན”ཆེ་བའི་ཁྱད་ཆོས་འབུར་དུ་ཐོན་ཞིང་། སྦྱོང་མཁན་གྱིས་དུས་ཚོད་ཐུང་ངུའི་ནང་དམའ་རིམ་རྒྱ་ཡིག་ཁོང་དུ་ཆུད་ཐུབ་པ་མ་ཟད་དངོས་སུ་བེད་སྤྱོད་ཀྱང་གཏོང་ཐུབ། ད་ཐེངས་འགྲེམས་སྤེལ་བྱས་པའི་དམའ་རིམ་བསླབ་གཞི་དེ་དག་ལ་ད་དུང་དྲ་ཐོག་སློབ་ཚན་གྱི་བརྙན་ཐུང་དང་སློབ་ཁྲིད་PPTམཉམ་དུ་བཟོས་ཡོད་པས། སློབ་མ་ཚོས་དུས་ངེས་མེད་ལ་རྩ་གཉིས་ཨང་རྟགས་བཤེར་ནས་ལྟ་ཆོག
འབྲི་ཆུ་ཁྱབ་སྤེལ་སྨྱན་སྦྱོར་གྱི་ལོ་བཅུ་ལྷག་ཙམ་རིང་གི་ཨ་ཧྥེ་རི་ཁ་བརྗོད་དོན་གཙོ་བོར་བྱས་པའི་དཔེ་དེབ་རིགས་བཅུ་ཕྲག་ཁ་ཤས་ཀྱང་ཐེངས་དེའི་བྱེད་སྒོར་འགྲེམས་སྟོན་བྱས་པ་རེད།