དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་དང་ལས་འབྲེལ·ཀྲུང་གོའི་བོད་ལྗོངས་གཟའ་འཁོར” བྱེད་སྒོ་སྐབས་དང་པོ་ཀ་ཏ་མན་རྡུ་རུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-02

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། དུས་ཡུན་ཉིན་གསུམ་གྱི“བོད་དང་ལས་འབྲེལ·ཀྲུང་གོའི་བོད་ལྗོངས་གཟའ་འཁོར”བྱེད་སྒོ་སྐབས་དང་པོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་རུ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་རེད། བྱེད་སྒོའི་མཇུག་འགྲིལ་མཛད་སྒོའི་ཐོག ཀྲུང་གོ་དང་ནེ་པ་ལའི་སྐུ་མགྲོན་གྱིས་ནེ་པ་ལའི“ཀྲུང་གོའི་བོད་ལྗོངས་སྐར་ཁུང”གི་སྒོ་བྱང་གི་ཡོལ་རས་མཉམ་དུ་ཕྱེ་ནས། ས་གནས་གཉིས་པོའི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ལས་སྟེགས་རྒྱ་ཆེན་པོ་གཞན་ཞིག་བསྐྲུན་པ་རེད།

    བྱེད་སྒོའི་རྣམ་པ་སྣ་ཚོགས་ཤིང་ནང་དོན་ཐད་ལའང་། ཀྲུང་གོའི་བོད་ལྗོངས་ཀྱི་བརྙན་པར་འགྲེམས་སྟོན་དང་། རིག་གནས་གྲོས་མོལ། རིག་རྩལ་འཁྲབ་སྟོན་སོགས་ཕུན་སུམ་ཚོགས་པོ་ཡོད་པས་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་ཀྱི་མཛེས་པ་དང་། མི་ཆོས་རིག་གནས་ཀྱི་མཛེས་པ། སྐྱེ་ཁམས་ཀྱི་མཛེས་པ་བཅས་དང་། དེ་བཞིན་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་མཛའ་གྲོགས་འགྲོ་འོང་དང་སྤེལ་རེས་མཉམ་ལས་ཀྱི་མཛེས་པ་བཅས་ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་མངོན་ཡོད། ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད། ཀྲུང་གོའི་བོད་ལྗོངས་ཀྱིས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ནེ་པ་ལའི་དམངས་ཚོགས་ཀྱི་ཡིད་དབང་རབ་ཏུ་བཀུག་པ་དང་ཆབས་ཅིག ཀྲུང་ནེ་དབར་གྱི་མཛའ་བརྩེ་ཡང་རྒྱུན་མཐུད་ཟབ་ཏུ་ཕྱིན་ཡོད། འགོ་ཚུགས་མཛད་སྒོར་རིག་གནས་སྤེལ་རེས་བྱེད་པ་ནས་རིག་གནས་གྲོས་མོལ་ཐོག་ཀྲུང་ནེའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བསམ་བློ་བརྗེ་རེས་བྱེད་པའི་བར་བློ་གྲོས་ཀྱི་འོད་སྣང་རྒྱུན་ཆད་མེད་པར་འཕྲོས་ཡོད། མིག་གི་དགའ་སྟོན་དུ་གྱུར་པའི་ཀྲུང་གོའི་བོད་ལྗོངས་ཀྱི་བརྙན་པར་འགྲེམས་སྟོན་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་རིག་རྩལ་ལས་དོན་པས་གར་སྟེགས་གཅིག་ཏུ་མཉམ་དུ་འཁྲབ་སྟོན་བྱས་ཏེ་གཞས་དང་ཞབས་བྲོར་བརྟེན་ནས་བརྩེ་དུང་བརྒྱུད་སྤྲོད་བྱས་པའི་བར། འདི་ལྟ་བུའི་རྒྱལ་མཚམས་སྒྲོལ་བའི་རིག་གནས་སྤེལ་རེས་ཀྱིས་ཆེས་ཐད་ཀར་མཐོང་ཐུབ་པ་དང་ཧ་ཅང་གསོན་ཉམས་དོད་པའི་སྒྱུ་རྩལ་ལ་བརྟེན་ནས། རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཧི་མ་ལ་ཡའི་རི་རྒྱུད་དུ་ཁྱབ་པས། ཕན་ཚུན་དབར་གྱི་བསམ་ཤེས་དང་ངོས་འཛིན་གཅིག་མཐུན་ཟབ་ཏུ་ཕྱིན་ཡོད་པ་རེད།

    ཐེངས་འདིའི་བྱེད་སྒོ་ནི་ནེ་པ་ལར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོའི་ཕྱི་ཡིག་དཔེ་སྐྲུན་འགྲེམས་སྤེལ་བྱ་གཞག་ཅུས། ཀྲུང་གོའི་བོད་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་གཉེར་འགན་ཁུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།