པེ་ཅིང་དང་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚན་རིག་སློབ་གསོའི་གསར་གཏོད་བྱེད་སྒོ་ལྷ་སར་གཉེར་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། པེ་ཅིང་དང་བོད་ལྗོངས་ཀྱི“གླག་ཕྲུག—འཕུར་ལྡིང”ཞེས་པའི་གཞོན་ནུ་ལོ་ཆུང་གི་ཚན་རིག་སློབ་གསོའི་གསར་གཏོད་བྱེད་སྒོ་སྐབས་གཉིས་པ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་གཉེར་ཞིང་། པེ་ཅིང་དང་བོད་ལྗོངས་ས་ཆ་གཉིས་ཀྱི་སློབ་གྲྭ་9ཡི་དགེ་སློབ་ཀྱི་འཐུས་མི་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་པེ་ཅིང་གྲོང་ཁྱེར་གྱི་སློབ་འབྲིང་བརྒྱད་ཅུ་པ་དང་། ཆིང་ཧྭའི་ཞོར་གཏོགས་སློབ་འབྲིང་ཁྲང་ཕིང་སློབ་གྲྭ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་། སྟོད་ལུང་བདེ་ཆེན་ཆུས་དམའ་འབྲིང་དང་པོ་སོཌ་པེ་ཅིང་དང་བོད་ལྗོངས་ས་ཆ་གཉིས་ཀྱི་སློབ་གྲྭ་9ཡི་སློབ་མ་17གྱིས《ཀྲུང་ཧྭའི་སེམས་མཐུན་གྱི་སེ་འབྲུའི་སྒྲོན་མེ》དང《གངས་ལྗོངས་ནས་རྒྱལ་ས་བར། ངའི་འཚར་ལོངས་དང་མཐོང་ཐོས》སོགས་ཀྱི་གསར་གཏོད་བརྩམས་ཆོས་12འགྲེམས་སྟོན་བྱས་ཡོད། འདས་ཟིན་པའི་ལོ་གཉིས་ནང་ས་ཆ་གཉིས་ཀྱི་སློབ་མས“ས་བོན་རིགས་གཅིག་མཉམ་དུ་འདེབས་པ”དང་། “བརྗོད་གཞི་གཅིག་ལ་མཉམ་དུ་ཞིབ་འཇུག” “རི་མོ་གཅིག་མཉམ་དུ་འབྲི་བ”སོགས་དྲ་ཐོག་དྲ་ཕྱིའི་མཉམ་འདྲེས་བྱེད་སྒོ་སྤེལ་ཏེ། ལག་ལེན་གྱི་བྱ་ཐབས་དང་། འགག་སྒྲོལ་གྱི་ལམ་བུ། འཚར་ལོངས་ཀྱི་མྱོར་ཚོར་བཅས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཤིང་། མཐུན་སྦྱོར་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་ཆགས་ནས་མཉམ་དུ་འཚར་ལོངས་བྱུང་ཡོད།
བྱེད་སྒོ་སྤེལ་རིང་། “པེ་ཅིང་དང་བོད་ལྗོངས་སེམས་པ་མཐུན། མ་འོངས་མཉམ་དུ་གཏོད”ཅེས་པའི་གླག་ཕྲུག་བྱེད་སྒོའི་བརྗོད་དོན་གཙོ་བོ་དངོས་སུ་ཡོངས་བསྒྲགས་བྱས་ཡོད། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་བརྙན་ལམ་བརྒྱུད་དཔྱད་བརྗོད་མཛུབ་ཁྲིད་བྱས་ཤིང་། བྱེད་སྒོར་ད་དུང་སློབ་མའི་གསར་གཏོད་བརྩམས་ཆོས་ཕན་ཚུན་སྤྲོད་རེས་དང་ཕུལ་བྱུང་གྲུབ་འབྲས་ལ་བྱ་དགའ་སྤྲོད་པའི་ལྷུ་ཚིགས་ཀྱང་བཀོད་སྒྲིག་བྱས་ཡོད།