དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ཤིས་ཁོ་ཕུག་ལམ་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-02

    འདི་ནི་ཏལ་འབིགས་ཐུབ་པའི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ཤིས་ཁོ་ཕུག་ལམ་ཡིན་པ། (མི་མེད་གནམ་གྲུས་པར་བརྒྱབ)

    འདི་ནི་ཟླ་6ཚེས་29ཉིན་བཟོ་པ་ཏལ་འབིགས་ཐུབ་པའི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ཤིས་ཁོ་ཕུག་ལམ་ནང་སྐྱོད་བཞིན་པ།

    ཟླ་6ཚེས་29ཉིན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་སྐྲུན་འགན་འཁུར་བའི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ཤིས་ཁོ་ཕུག་ལམ་ཏལ་འབིགས་བཏང་ནས་གདུང་འདེགས་ཨར་སྐྲུན་གྱི་བགྲོད་ལམ་གཙོ་བོ་ཤར་གཏོང་ཐུབ་སྟེ་རྗེས་མཐུད་ཀྱི་ཨར་སྐྲུན་བདེ་བླག་ཡོང་བར་རྨང་གཞི་བཏིང་ཡོད།

    ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ཤིས་ཁོ་ཕུག་ལམ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཁོངས་སུ་གནས་པ་དང་། དེར་ཆ་སྙོམས་ས་བབ་སྨི་3200ཡན་དང་ཕུག་ལམ་གྱི་རིང་ཚད་ལ་སྨི་1435ཟིན་གྱི་ཡོད། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་མྱུར་བགྲོད་ལྕགས་ལམ་དྲ་བའི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་བརྒལ་ནས་མ་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་836.5དང་། འཆར་འགོད་བྱས་པའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་200ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།