དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲང་ཧའེ་དང་། ཧྲན་ཏུང་། ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་བརྗོད་དོན།

    གཞིས་རྩེར་བོད་སྐྱོར་ཕུགས་འདུན་ཧུར་ཐག་སྒྲུབ་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-02

    ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་གཙོ་གནད་རྣམ་གྲངས་ཡིན་པའི་ས་སྐྱ་རྫོང་གི་ས་མཐོའི་ལི་གྲོ་འདེབས་འཛུགས་ཞིང་དུད་ལ་ལོ་ལེགས་བྱུང་བ།

    ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་སྒྲིག་འཛུགས་བྱས་པའི“བོད་ཀྱི་ཐོན་རྫས་ཅི་ལིན་དུ་འཚོང་བའི”ས་ཡུལ་དངོས་ཡིན་པ།

    ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བརྒྱད་པའི“གངས་ལྗོངས་འོད་སྣང་བྱ་སྤྱོད”སྐྱ་འགྲིབ་དབྱེ་བཤེར་དང་སྐྱོབ་བཅོས་རྣམ་གྲངས་ལག་བསྟར་བྱ་ཡུལ་ཡིན་པ།

    རིག་གནས་བོད་སྐྱོར།

    ཕྱོགས་གཉིས་པོས་མཐུན་སྒྲིལ་གྱི་ལེའུ་གསར་པ་མཉམ་དུ་རྩོམ་པ།

    ལོ་གསུམ་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་གཞིས་རྩེ་གྲོང་ཁྱེར་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཡོད།

    ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་རོགས་རམ་འོག་སྤ་སེ་འཚོང་བའི་བློ་འདྲི་དང་། འཆར་འགོད་འགྲེམས་སྟོན། VRལྟ་རོལ། ཡུལ་སྐོར་བའི་ངལ་གསོ། རིག་གནས་བསམ་བཀོད་ཐོན་རྫས་ཕྱིར་ཚོང་། གསོ་རླུང་མཁོ་སྤྲོད་འགན་ལེན་བཅས་གཞི་གཅིག་ཏུ་འདུས་པའི་དིང་རི་རྫོང་ཇོ་མོ་གླང་མའི་བྱང་སྒོ་ཆེ་མོའི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བདེ་བླག་ངང་བསྐྲུན་ཡོད།

    ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས“ཁུང་ཙི་སློབ་ཁང་བཙུགས་ཏེ་གངས་ལྗོངས་ས་མཐོ་རིག་གནས་བདུད་རྩིས་བརླན་པར་བྱེད་པའི”འདུ་འགོད་ལག་ལེན་བསྟར་ནས་ཚོད་ལྟའི་སློབ་ཁང་65བསྐྲུན་པ་དང་། ཝེ་ཧྥང་ལས་དོན་ཚོགས་ཆུང་གིས་རྣམ་གླིང་རྫོང་གི་སློབ་གྲྭ་དང་བུ་བཅོལ་ཁང་110ཚང་མར་ཁུང་ཙི་སློབ་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།

    ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས“ཚོགས་སྒྲིག་ཆུང་ངུའི”རྣམ་པའི་ཐོག་ནས་རོགས་སྐྲུན་བྱས་པའི་ཇོ་མོ་གླང་མའི་རིག་གནས་བསམ་བཀོད་གླིང་གཉེར་སྐྱོང་བྱས་ཚུན། རྒྱལ་ནང་གི་གླིང་ཁུལ་རྩེ་གྲ་ཁག་དང་བསྡུར་ནས“ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་དང་། ཇོ་མོ་གླང་མའི་སྒར་ས་ཆེན་པོ། གྲོང་ཁྱེར་གྱི་ཚོགས་སྒྲིག་གསར་པ། གཙང་ཁུལ་གྱི་ལྡུམ་ར་ཆེན་པོ”བཅས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བྱས་ཏེ། ལོ་གསུམ་རིང་རྣམ་གྲངས་གན་རྒྱ་25བཞག་པར་གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་88.45ཟིན་ཡོད།

    ལོ་གསུམ་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཀུན་སེམས་གཅིག་སྒྲིལ་རྒྱུན་འཁྱོངས་བྱས་ཐོག་རིག་གནས་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་ཡུལ་སྐོར་ལ་བརྟེན་ནས་གཟུགས་བརྙན་བཏོད་དེ། “བཀྲ་ཤིས་པའི་གཞིས་རྩེ”དང་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་བསྐྲུན་ཡོད།

    ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས“ཧྲང་ཧའེ་ནས་གཞིས་རྩེའི”གནམ་གྲུ་གཙང་གླས་ཀྱི་བོད་སྐྱོར་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་ཤིང་། རིམ་རྩིས་བརྒྱབ་ན་གནམ་གྲུ་ཁྱོན་ཐེངས་17འཕུར་ནས་ཡུལ་སྐོར་བ་མི་ཐེངས་1700ལྷག་སྐྱེལ་འདྲེན་བྱས་པས་ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་95%ལྷག་ཟིན་ཡོད།

    ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་ཇུས་འགོད་ཞིབ་ཚགས་བྱས་ཏེ“ཧེ་ལུང་ཅང་དང་བོད་ལྗོངས་རྟགས་ཅན”གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཤར་གཏོང་དང“ཧེ་ལུང་ཅང་དང་བོད་ལྗོངས་རྟགས་ཅན”གྱི་གཙང་གླས་ཡུལ་སྐོར་གནམ་གྲུ་སྒྲིག་འཛུགས་བྱས་ནས་ཡུལ་སྐོར་བ་ཚོར་ས་གནས་གཉིས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ཉམས་ལེན་གང་ལེགས་ཐུབ་པར་བྱས་ཡོད།

    ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས“ཅི་བོད་མཉམ་ལས། ཇོ་མོ་གླང་མའི་མཛེས་ཉམས་མཉམ་སྤྱོད”བརྗོད་དོན་གཙོ་བོར་བྱས་ཏེ“བོད་ཀྱི་ཐོན་རྫས་ཅི་ལིན་དུ་འཚོང་བའི”དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོ་སྤེལ་ཏེ། ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་དང་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ད་དུང་རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་ཀྱང་བྱས་ཡོད།

    ལོ་གསུམ་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་མཉམ་འདྲེས་ལ་མཐོང་ཆེན་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་རིག་གནས་ཀྱིས་མི་སེམས་དྲོ་བ་དང་། བརླན་པ། གཅིག་ཏུ་འདུས་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྔར་བས་བརྟན་དུབཏང་ཡོད།

    ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་གཞི་རྟེན་གསར་གཏོད་ཀྱིས་ཧྲང་ཧའེ་རྟེན་མཛོད་ཁང་དང་མཉམ་འབྲེལ་བྱས་ཏེ“ཧྲང་ཧའེ་ཡི་བོད་སྐྱོར་དང་ཧྲང་ཧའེ་རྟེན་མཛོད་ཁང”དང་མིང་བྱང་མཉམ་འགོད་བྱས་པའི་ས་སྐྱའི་སྤོས་དང་། ལྷ་རྩེའི་གྲི། རྒྱལ་རྩེའི་སྣམ་བུ་བཅས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་པ་དག་ཕྱི་འབྲེལ་པུའི་རྒྱལ་ཁབ་ལག་རྟགས་ཀྱི་མིང་གཞུང་དང་ཧྲང་ཧའེ་གྲོང་ཁྱེར་གྱི“ཧྲང་ཧའེ་ཡི་ལག་རྟགས”ཀྱི་ལོ་འཁོར་གྱི་ཐོན་རྫས་གསར་པའི་ནང་ཚུད་ཡོད།

    ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས“ས་ནག་ལ་བསྟོད་པ། གངས་ལྗོངས་ཀྱི་བརྩེ་བ”ཧེ་ལུང་ཅང་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིམ་སྤེལ་རིག་གནས་སྤེལ་རེས་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། ས་གནས་གཉིས་ཀྱི་རིག་གནས་སྒྱུ་རྩལ་མཁས་ཅན་བརྒྱ་ལྷག་ཙམ་གྱིས་རིག་རྩལ་འཁྲབ་སྟོན་དང་སློབ་ཚན་ཐོག་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། མཉམ་དུ“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”མི་རིགས་ཀྱི་བརྩེ་སེམས་ཟབ་མོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་དབྱར་སྒར་དང་། དགུན་སྒར། གསར་བརྗེའི་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ནས། གཞིས་རྩེའི་གཞོན་ནུ་ལོ་ཆུང་དང་། བུད་མེད་ཀྱི་འཐུས་མི། གཞི་རིམ་གྱི་འཐུས་མི། མི་རིགས་མཐུན་སྒྲིལ་དཔེ་བཟང་བ་སོགས་མི་ཐེངས་960ལྷག་ཙམ་ཅི་ལིན་དུ་སྤེལ་རེས་བྱེད་སྒོར་ཞུགས་པར་སྒྲིག་འཛུགས་བྱས་ཏེ། ས་གནས་གཉིས་དབར་འབྲེལ་འདྲིས་ཇེ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱི་འབུར་དུ་ཐོན་པར་བྱས་ཏེ“ཧྲན་ཏུང་དང་བོད་ལྗོངས་ཀྱི་སེམས་མཐུན་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་། “རི་མཚོ་སེམས་མཐུན་བུམ་པའི”གཏམ་བཤད། “ཧྲན་ཏུང་དང་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ལག་གདང་སྦྲེལ་བའི”ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་བཅས་གཉེར་ནས། གཞོན་ནུ་ལོ་ཆུང་ཚོ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བར་ཁྲིད་སྟོན་བྱས་ཡོད།

    སྐྱེ་ཁམས་བོད་སྐྱོར།

    དམངས་འཚོའི་བདེ་རྩའི་ལྗང་མདོག་གཞི་མདངས་སྐྱོང་སྤེལ་བྱས་པ།

    “མིག་གིས་མཐོང་ཚད་བྱེ་མའི་རྒྱ་མཚོ་འདྲ། ཐལ་རླུང་ལྡང་ཚེ་ཁང་ཁྱིམ་མཐོང་མི་འགྱུར”ནས་གསོན་ཤུགས་རྒྱས་པའི་སྐྱེ་ཁམས་གླིང་གི་རྣམ་པའི་བར། ཝེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པས་མུ་མཐུད་འབད་བརྩོན་གྱིས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་ཤིང་འཛུགས་ནགས་བཟོ་བྱས་པ་དང་ལོ་གསུམ་རིང་སྡོང་ཕྲུག་སྣ་ཚོགས་ཁྲི་1ལྷག་ཙམ་བཏབ་པས། ས་ཁོངས་དེའི་སྐྱེ་ཁམས་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ད་ཆ་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་སྟེ། བྱེ་རྡུལ་འཚུབ་པའི་གནམ་གཤིས་སྟོན་ཚད་གསུམ་ཆ་གཅིག་ཉུང་དུ་ཕྱིན་པ་དང་། ལྟེ་བའི་ས་ཁོངས་ཀྱི་གསོ་རླུང་འདུས་ཚད་5%མཐོ་རུ་ཕྱིན་པ། མཁའ་རླུང་གི་བརླན་ཚད་ཀྱང་10%མང་དུ་ཕྱིན་ཡོད།

    སྔོན་ཆད་གཟར་ཤང་གི་སྡོང་ཕྲུག་ར་བ་ཁོར་ཡུག་ཞན་པ་དང་ཆུ་གཏོང་དཀའ་བའི་དབང་གིས་རྒྱུན་མཐུད་འཕེལ་རྒྱས་གཏོང་ཁག་པོ་ཡོད། ཁྲང་ཁྲུན་གྲོང་ཁྱེར་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་ལྟེ་བའི་ཚོགས་ཆུང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་ནས། གཟར་ཤང་གི་སྡོང་ཕྲུག་རྟེན་གཞི་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་སྡོང་ཕྲུག་ར་བ་འཛུགས་སྐྲུན་སོགས་རྣམ་གྲངས་ལ་སྐུལ་འདེད་བཏང་ནས། རླུང་འགོག་ནགས་ཚལ་དང་སྔོ་ལྗང་ཁུལ་འཛུགས་སྐྲུན་བྱེད་པར་སྡོང་ཕྲུག་གི་འདེགས་སྐྱོར་བྱས་པ་དང་རྫོང་ཁོངས་ཀྱི་སྐྱེ་ཁམས་ལ“སྐྱེ་ཁམས་ཀྱི་ལྗང་མདོག”བསྣན་ཡོད།

    ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་ནང་འདྲེན་འདེབས་འཛུགས་བྱས་པའི་གྲང་ཁུལ་གྱི་གླ་ཚེར་ཁང་དམར་རྫོང་དུ་སྐྱེ་འཚར་ཡག་པོ་བྱུང་ནས་ས་མཐོའི་སྐྱེ་ཁམས་འགོག་སྲུང་ཆེད་སྲུང་ཡོལ་གསར་པ་བསྐྲུན་པ་དང་། “ཐཱན་གཉིས”ཀྱི་འདུ་ཤེས་ལ་བརྩི་སྲུང་ཞུས་ནས་སྤེལ་བའི་ཧྲང་ཧའེ་ཡི་བོད་སྐྱོར་སྤྱི་ཤག་གི་ལྗང་མདོག་ཐཱན་ཉུང་སྒྱུར་བཀོད་རྣམ་གྲངས་ལ་རྒྱལ་ནང་གི་ལྗང་མདོག་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དབང་གྲགས་ཆེ་ཤོས་ཀྱི་བྱ་དགའི་གྲས་ཤིག་ཡིན་པའི“2023ལོ་འཁོར་གྱི་ཧྲང་ཧའེ་གྲོང་ཁྱེར་གྱི་ད་ཡོད་འཛུགས་སྐྲུན་ལྗང་མདོག་ཐཱན་ཉུང་གསར་སྒྱུར་སྒྱུར་བཀོད་ཞིབ་དཔྱད་གཏན་འཁེལ”གྱི་བྱ་དགའ་མཐོ་ཤོས་ཐོབ་པ། ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས“སྐྱེ་ཁམས་དང་ཞིང་འབྲོག་ལས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་སྐྱིད་གྲོང་གྲོང་རྡལ་འཁྲུངས་ས་གྲོང་ཚོའི་ཞིང་རའི་ཕྱོགས་བསྡུས་ཁུལ་དུ་ཞིང་ལས་ཐོན་སྐྱེད་ཚ་ཚ་འུར་འུར་བྱེད་པ། བསམ་གྲུབ་རྩེ་ཆུས་ལྕགས་འདམ་དེང་རབས་སྐྱེ་ཁམས་ཐོན་ལས་གླིང་དུ་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱི་ཀྲའོ་ཝ་50ཡི་འོད་ཤུགས་ནུས་གསོག་མཁོ་སྤྲོད་འགན་ལེན་རྣམ་གྲངས་ཀྱིས་ཤོང་ཚད་ཧྲིལ་པོ་དྲ་སྦྲེལ་གློག་གཏོང་ཐུབ་ནས། ལོ་ལྟར་ཚད་ལྡན་རྡོ་སོལ་སྤྱོད་ཚད་ཏུན་ཁྲི་2ལྷག་ཙམ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་8ལྷག་ཙམ་ཉུང་དུ་ཕྱིན་ཡོད།

    ལོ་གསུམ་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི”འདུ་ཤེས་བརྟན་པོ་འཛུགས་པ། སྙིང་རུས་གཏན་འཁྱོངས་དང་མུ་མཐུད་འབད་བརྩོན་བཅས་བྱས་ནས། གཞིས་རྩེ་གྲོང་ཁྱེར་ལ་སྐྱེ་ཁམས་ཀྱི་ཕན་འབྲས་ཆེན་པོ་ཐོན་པ་དང་ཡུལ་དེ་གའི་མང་ཚོགས་ཕྱུག་པོ་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།