དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“ཤེས་པ་གསུམ་དང་ཡག་པོ་གཅིག”གི་ཆབ་སྲིད་སློབ་གསོའི་ལས་དོན་པའི་འཇོན་ཐང་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-02

    འདི་ནི“ཤེས་པ་གསུམ་དང་ཡག་པོ་གཅིག”གི་ཆབ་སྲིད་སློབ་གསོའི་ལས་དོན་པའི་འཇོན་ཐང་འགྲན་བསྡུར་བྱ་ཡུལ་ཡིན་པ།

    བསམ་བློ་ཆབ་སྲིད་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་དང་ཆབ་སྲིད་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“ཤེས་པ་གསུམ་དང་ཡག་པོ་གཅིག”གི་ཆབ་སྲིད་སློབ་གསོའི་ལས་དོན་པའི་འཇོན་ཐང་འགྲན་བསྡུར་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད། མཐར་གཞི་རིམ་གྱི་ལས་བྱེད་པ་དང་རྐང་འཛིན་པ་7འབུར་དུ་ཐོན་ནས་མཐའ་བསྡུར་ནང་ཚུད་པ་དང་ཁོང་ཚོས་བསམ་བློ་ཆབ་སྲིད་སློབ་གསོར་དམིགས་ནས་འགྲན་བསྡུར་འཁྲུག་པོ་ཞིག་བྱས་པ་རེད།

    ད་རེས་ཀྱི་འཇོན་ཐང་འགྲན་བསྡུར་གྱིས“དམག་མི་ཤེས་རྟོགས་ཐུབ་པ་དང་། སློབ་ཁྲིད་བྱེད་ཤེས་པ། སྙིང་གཏམ་ཤོད་རེས་བྱེད་ཤེས་པ། རང་དཔེ་གཞན་སྟོན་ཡག་པོ”བཅས་ཀྱི་ཚད་གཞིའི་བླང་བྱར་དམ་པོར་དམིགས་ནས། དཔུང་སྡེའི་བསམ་བློ་ཆབ་སྲིད་སློབ་གསོའི་དགོས་མཁོ་དངོས་དང་བསྟུན་ནས“སློབ་ཁྲིད་ཞིབ་འཇུག་དང་། རང་འགུལ་ངང་འགྲན་བསྡུར་གྲ་སྒྲིག ས་གནས་ས་ཐོག་ཏུ་ངོམས་སྟོན”བཅས་ལྷུ་ཚིགས་གསུམ་ཕྱོགས་བསྡུས་བཀོད་སྒྲིག་བྱས་པ་རེད། ཕྱོགས་མང་པོའི་ཐད་ནས་དམིགས་ཚད་ཤན་འབྱེད་བྱས་པ་བརྒྱུད་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པའི་ཆབ་སྲིད་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་། སློབ་ཁྲིད་དང་སྒྲིག་འཛུགས་ཀྱི་ཆུ་ཚད། དེ་བཞིན་སྟབས་བསྟུན་ཐག་གཅོད་བྱེད་ནུས་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

    བྱ་དགའ་ཐོབ་པའི་བདམས་ཐོན་པ་ཧོང་ཤང་ལན་གྱིས《གར་སོང་ཆ་མེད་དུ་གྱུར་པའི་གླ་ཕོགས། ལུགས་མཐུན་མིན་པའི་འཛད་སྤྱོད་མཉམ་དུ་བཀག་འགོག་བྱེད》ཅེས་པ་འགོ་བརྗོད་དུ་བྱས་ཏེ་ལུགས་མཐུན་མིན་པའི་འཛད་སྤྱོད་གནད་དོན་ལ་དམིགས་ནས་འགྲེལ་བཤད་ཟབ་མོ་བརྒྱབ་པ་དང་དབྱིངས་ཞུགས་རྣམ་པའི་མྱུལ་ཞིབ་དང་གྱོད་དོན་རྩད་ཞིབ་ཀྱི་རིགས་འདེད་རྒྱས་བཀྲོལ་ལ་བརྟེན་ནས། སློབ་གསོའི་ནང་དོན་སྤྲོ་སྣང་དང་བསམ་བློའི་ནང་དོན་གཏིང་ཟབ་ལྡན་པས་གར་སྟེགས་འོག་གི་དཔོན་དམག་ཚོའི་དགའ་བསུ་ཚད་མེད་ཐོབ་པ་རེད།

    འཇོན་ཐང་འགྲན་བསྡུར་ཞིབ་དཔྱད་ཀྱི་ཆེད་ལས་རང་བཞིན་འགན་ལེན་བྱ་ཆེད། ད་ཐེངས་ཀྱི་བྱེད་སྒོར་ད་དུང་ཚན་ཁག་གི་ཆེད་ལས་མི་སྣ་ཟུར་འཐེན་གྱིས་ཞིབ་དཔྱད་དཔུང་ཁག་བཙུགས་པ་དང་། འགྲན་བསྡུར་ནང་ཞུགས་མཁན་གྱི་མཚོན་ཚུལ་ནུས་པ་དང་། སློབ་ཁྲིད་རྩལ་ནུས། གཟུགས་བརྙན་སོགས་ཐད་ཕྱོགས་ཡོངས་ནས་དཔྱད་དཔོག་དང་ས་གནས་ས་ཐོག་ཏུ་གྲུབ་འབྲས་དཔྱད་བསྡུར་གཏན་འཁེལ་བྱས་པ་དང་འབྲེལ་གྲུབ་འབྲས་ཁྱབ་བསྒྲགས་ཀྱང་བྱས་ཏེ། ཞིབ་དཔྱད་ཀྱི་གོ་རིམ་ཚད་ལྡན་བཟོས་ནས་འགྲན་བསྡུར་དྲང་གཞག་དྲང་བདེན་དང་སྤུས་ཚད་མཐོ་པོས་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།