དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།

    ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-02

    ཉེ་བའི་ལོ་ཤས་རིང་། ཞིང་འབྲོག་ཁུལ་དུ་འགྲིམ་འགྲུལ་འཁོར་རིགས་ཉིན་རེ་བཞིན་མང་དུ་ཕྱིན་པ་དང་བསྟུན་ནས་མང་ཚོགས་འགྲོ་སྐྱོད་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་རིམ་བཞིན་མང་དུ་འགྲོ་བཞིན་ཡོད། ཉེ་ཆར། ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས“འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་འབོར་ཉུང་དུ་གཏོང་བ་དང་ལས་འཛོལ་ཚབས་ཆེན་མི་ཐོན་པ་བྱ་རྒྱུ”དམིགས་ཚད་དུ་བྱེད་པ་དང“མཛེས་སྡུག་ལྡན་པའི་གྲོང་གསེབ་དུ་སྐྱོད་པའི”ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས“དྲིལ་བསྒྲགས་དང་། བཅོས་སྒྲིག ཚན་རྩལ”ཟུང་འབྲེལ་གྱི་ཕྱོགས་གསུམ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཟང་ཟིང་སྣང་ཚུལ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ཏེ་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། རུ་ཆེན་དེས་ཤང་དང་གྲོང་རྡལ་གྱི་མངགས་གཏོང་ཁང་11དང་ཅུས་ལས་ཁུངས་ཀྱི་ཚན་ཁག་དང་མཉམ་དུ་སྐད་གཉིས་སྒྲོག་འགྲེལ་རུ་ཁག་བཙུགས་ནས། མང་ཚོགས་ལ་ཞིང་སྤྱོད་འཁོར་རིགས་ནང་ཁྲིམས་འགལ་ངང་མི་བླུག་པ་དང་རྨོག་ཞྭ་མ་གྱོན་པར་གློག་སྒུལ་སྦག་སྦག་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་ལས་འཛོལ་གྱི་གྱོད་དཔེ་དྲངས་ནས་གསལ་འགྲེལ་བྱས་ཡོད། ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་འགྲིམ་འགྲུལ་དོ་དམ་གྱི་དོན་དངོས་ལ་གཞིགས་ནས“གནས་གཏན་འཁེལ་གྱི་བཤེར་སྡོམ་དང་སྐོར་སྐྱོད་སྐོར་ཞིབ་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་གཏན་འཇགས་ལས་སྒྲུབ་ས་ཚིགས་དང་སྐོར་སྐྱོད་སྐོར་ཞིབ་ཚོགས་ཆུང་བཙུགས་ཏེ། མྱུར་ཚད་ལས་བརྒལ་བ་དང་། ཤོང་ཚད་ལས་བརྒལ་བ། མི་གྲངས་ཚད་ལས་བརྒལ་བ། དེ་བཞིན་ངལ་དུབ་འཁོར་གཏོང་སོགས་ལས་འཛོལ་ཐོན་སླ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཐོག“རྨོག་ཞྭ་གཅིག་དང་སྲུང་ཐག་གཅིག”གི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་ལ་མཉམ་དུ་སྐུལ་འདེད་བཏང་ཡོད། ཁྲིམས་འགལ་སྐྱེལ་འདྲེན་ལས་གཉེར་གྱི་ཟང་ཟིང་སྣང་ཚུལ་ལ་དམིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་མཉམ་དུ“གཙང་བཤེར་བྱ་སྤྱོད”ཀྱི་ཁྲིམས་སྒྱུར་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ“གནད་སྨིན་ཞིབ་བཤེར་དང་། ཁུངས་འདེད་འགན་འཁྲི་རྩད་གཅོད”ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཡོད། འགག་མདོ་ནས་རླངས་འཁོར་སྒྲོལ་བའི་གྲངས་གཞི་དང་སྐྱེལ་འདྲེན་ལས་གཉེར་གྱི་ཐོབ་ཐང་གྲངས་གཞི་ཕན་ཚུན་བསྡུར་བར་བརྟེན་ནས། ཁྲིམས་འགལ་ངང་སྐྱེལ་འདྲེན་ལས་གཉེར་དང་ཁྲིམས་འགལ་ངང་རྐུབ་སྟེགས་ལ་བཟོ་བཅོས་རྒྱག་པ་སོགས་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ་དམ་བསྒྲགས་ཀྱི་རྣམ་པ་ཆགས་པར་བྱས་པ་རེད།

    གཞན་ཡང་། རུ་ཆེན་དེས་ད་དུང“ཉེན་རྟོག་པས་ཉེན་དོན་དང་བསྟུན་པའི”སྟབས་བསྟུན་ལས་སྒྲུབ་བྱེད་སྟངས་མཐའ་འཁྱོངས་ཀྱིས་གྲངས་གཞི་ཆེན་པོའི་ལས་སྟེགས་ལ་བརྟེན་ནས། ཉེ་བའི་ལོ་གསུམ་རིང་མཚན་མོའི་ལས་འཛོལ་ཐོན་མང་བའི་དུས་མཚམས་དང་ལམ་དུམ་ཁྱབ་ཚུལ་གྱི་ཆོས་ཉིད་ལ་དབྱེ་ཞིབ་བྱས་ཏེ། ལས་སྒྲུབ་ཀྱི་གཙོ་གནད་ཐོ་རེངས་ཆུ་ཚོད་2པ་ནས་5པ་བར་གྱི་དུས་མཚམས་སུ་བསྒྱུར་ཡོད། གྲོང་ཁུལ་གྱི་བཟའ་བཏུང་རོལ་རྩེད་འདུ་འཛོམས་ཁུལ་གཙོ་བོ་དང་། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སོགས་གཙོ་གནད་ས་ཁོངས་སུ་གཏན་འཇགས་ཞིབ་བཤེར་དང་སྐོར་སྐྱོད་སྐོར་ཞིབ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། འཁོར་རྟགས་དང་ཁ་ལོ་བའི་ལག་ཁྱེར་མེད་པ་སོགས་གཙོ་གནད་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།