དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲང་ཧའེ་དང་། ཧྲན་ཏུང་། ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་བརྗོད་དོན།

    གཞིས་རྩེར་བོད་སྐྱོར་ཕུགས་འདུན་ཧུར་ཐག་སྒྲུབ་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-02

    གཞིས་རྩེ་གྲོང་ཁུལ་གྱི་ཟུར་ཞིག་ཡིན་པ། འདི་ག་ཚགས་པར་གྱི་འཕྲིན་སྤེལ་བ་ཝང་ཅན་ལེང་གིས་པར་བརྒྱབ།

    ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་གདན་དྲངས་པའི་ཧྲ་ཅོན་གྱིས་བོད་ལྗོངས་རྒྱལ་རྩེའི་སྣམ་བུ་ཁྱེར་ནས་2024ལོའི་ཧྥ་རན་སེའི་ཕ་རི་སིའི་Maison&Objetའགྲེམས་ཚོགས་ལ་ཞུགས་བཞིན་པ།

    བསམ་གྲུབ་རྩེ་ཆུས་ཆིང་ཏའོ་སློབ་ཆུང་གི་སློབ་མས་ཚན་རྩལ་སློབ་ཚན་ཚོགས་བཞིན་པ།

    “བོད་དུ་སྐྱོདདོན་གང་ཡིན་ནམ། བོད་དུ་ལས་ཀ་གང་ཞིག་སྒྲུབ་དགོས་སམ། བོད་ནས་ཁ་བྲལ་སྐབས་གང་ཞིག་འཇོག་དགོས་སམ” 2022ལོའི་དབྱར་ཁར་བོད་དུ་སླེབས་ཚུན། ཧྲང་ཧའེ་དང་། ཧྲན་ཏུང་། ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུཌ་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། “དོན་ཆེན་བཞིར”དམིཌ་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཐོན་ལས་བོད་སྐྱོར་དང་། དམངས་འཚོའི་བོད་སྐྱོར། རིག་གནས་བོད་སྐྱོར། སྐྱེ་ཁམས་བོད་སྐྱོར་སོགས་ཀྱི་བོད་སྐྱོར་བྱེད་སྟངས་རྒྱ་སྐྱེད་ཧུར་ཐག་གཏོང་བ། ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁག་གཏིང་ཟབ་སྤེལ་བ། གཞིས་རྩེའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ལས་དོན་ཏན་ཏིག་བསྒྲུབས་ནས་བོད་སྐྱོར་གྱི“འདྲི་གཞི་གསུམ”ལ་ལན་ཡག་པོ་འདེབས་པ་བཅས་བྱས་ཏེ། བོད་སྐྱོར་ལས་དོན་གྱི་བློ་ཡིད་ཚིམ་པའི“རྒྱུགས་ལན”ཞིག་ཕུལ་ཡོད།

    ཐོན་ལས་བོད་སྐྱོར།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བ།

    ཉེ་ཆར“ཧྲང་ཧའེ་ནས་གཞིས་རྩེ་བར”གྱི་བོད་སྐྱོར་ཡུལ་སྐོར་གཙང་གླས་གནམ་གྲུ་ཐོག་མའི་ཡུལ་སྐོར་བ་རྒྱལ་རྩེ་རྫོང“ཨ་ཅག་སྐལ་བཟང་བཟོ་ཁང”དུ་སྣམ་བུ་འཐག་པའི་ལག་ཤེས་ལ་ལྟ་སྐོར་དང་ཉམས་ལེན་ལ་ཕྱིན་པ་དང་འབྲེལ། སྒོར་4000ལྷག་ཙམ་རི་བའི་སྣམ་བུའི་འཁལ་འཐག་ཐོན་རྫས་ཉོས་པ་རེད།

    “ཨ་ཅག་སྐལ་བཟང་བཟོ་ཁང”ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཤེས་ལྡན་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པས“ཧྲང་ཧའེ་ཡི་བཟོ་བོ”ཧྲ་ཅོན་གདན་དྲངས་ཏེ“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་བརྒྱུད། རྒྱལ་རྩེ་རྫོང་དུ“མདུན་དུ་ཚོང་ཁང་དང་རྒྱབ་ཏུ་བཟོ་ཁང”གི་སྣམ་བུ་འཐག་ས་ཐོག་མར་བཙུགས་ཤིང་། “རྫོང་རེ་ལ་ཐོན་ལས་རེ་དང་ཤང་རེ་ལ་སྤུས་རྟགས་རེ”ཡི་དཔེ་སྟོན་ཆགས་ནས། གཞིས་རྩེའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་མངོན་མིན་རིག་གནས་ཤུལ་བཞག་སྣམ་འཐག་ལག་ཤེས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཡོད།

    སྐྱིད་གྲོང་འགག་སྒོར་དངོས་ཟོག་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་མང་པོ་རིག་ནུས་ལྟ་དཔྱད་མ་ལག་བརྒྱུད་རྒྱལ་མཚམས་ནས་འཐོན་བཞིན་ཡོད། 2024ལོར། གཞིས་རྩེ་གྲོང་ཁྱེར་གྱི་འགག་སྒོ་ནས་སྒྲོལ་བའི་དངོས་ཟོག་གི་ལྗིད་ཚད་དང་རིན་ཐང་47.5%དང་49.1%སོ་སོར་འཕར་ནས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བརྒྱད་པས་ཁེ་ལས་ཁག་དང་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་ཧུར་ཐག་བྱས་ཏེ། ཚོགས་སྒྲིག་རྣམ་པའི་ཐོག་ནས་བྱང་ཤར་ཨེ་ཤེ་ཡའི་འགྲེམས་ཚོགས་ལ་ཞུགས་པ་དང་འབྲེལ། ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་པས། གཏིང་སྐྱེས་རྫོང་རི་འོག་གྲོང་རྡལ་གྱི་བཀར་འཇུག་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་དང་། སྐྱིད་གྲོང་རྫོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་ཀྲུང་ནེའི་ཨེ་ཤེ་ཡ་ལྷོ་མའི་ཚོགས་འགྲེམས་ལྟེ་གནས། སྐྱིད་གྲོང་ནུས་རྒྱུ་གསར་པའི་ཕྱོགས་བསྡུས་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་སྔ་རྗེས་སུ་གན་རྒྱ་བཞག་ཅིང་། གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་8.8ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་2.4དམིགས་སར་འབྱོར་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད།

    ལོ་གསུམ་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་གཞི་ཚུགས་ནས། བོད་སྐྱོར་རྣམ་གྲངས་ལ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་ཇུས་འགོད་བྱེད་པ་དང་། མ་དངུལ་གཏོང་ཤུགས་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཀ་རྟེན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཞིས་རྩེའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།

    ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བཅུ་པས་སྣམ་བུ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཧུར་ཐག་བསྐྲུན་པ་དང་། ཁུ་ལུའི་གྱོན་ཆས་ལས་རིགས་ཀྱི་ཚད་གཞི་བཟོ་བར་སྐུལ་འདེད་བཏང་ནས། ཐོན་ལས་འཁོར་འབྲེལ་གྱི་རྩེར་སོན་ལྷུ་ཚིགས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ཧུར་ཐག་བྱས་ཡོད། ལོ་གསུམ་རིང་། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པས་མ་རྩ་འཇོག་འདོད་བྱེད་མཁན་ཁེ་ལས་100ལྷག་ཙམ་དང་འབྲེལ་མཐུད་བྱས་པས་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་དངོས་སུ་འབྱོར་ཡོད།

    ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བཅུ་པས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་ཀྱི་ཐོན་ལས་ལ་དམིགས་ནས་ཚོང་འགུཌ་ལ་དམ་འཛིན་བྱས་པ་བརྒྱུད། ཁེ་ལས་30གཞིས་རྩེར་རྟོག་ཞིབ་ལ་ཡོང་བར་སྐུལ་མ་ཐེབས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་ཏེ་པེ་དང་ལི་ནུའོ་སོགས་ཁེ་ལས་56ལ་ཚོང་འགུགས་ལ་སྐྱོད་རྒྱུར་སྐུལ་འདེད་ཐེབས་ནས། རྣམ་གྲངས་ཁག་20དོན་འཁྱོལ་ཐུབ་པ་དང་། མ་དངུལ་སྒོར་དུང་ཕྱུར་12.87འབྱོར་ཡོད།

    ཧེ་ལུང་ཅང་ཞིང་ཆེན་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བརྒྱད་པས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཞིས་རྩེ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས། རོགས་སྐྱོར་དང་ལེན་བྱ་ཡུལ་གྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ནུས་ཆེའི་ཞིང་ལས་ཚན་རྩལ་གླིང་དང་། སོན་བཟང་གསོ་སྤེལ་དཔེ་སྟོན་རྟེན་གཞི། སྔོ་གཟན་མ་རྨོས་ལོ་ཏོག་འདེབས་འཛུགས་ཚོད་ལྟ་བྱ་ཡུལ། ཁྱད་ལྡན་ཐོན་ལས་གླིང་སོགས་ཀྱི་ཐོན་ལས་རྣམ་གྲངས་སྔ་རྗེས་སུ་སྒྲིག་འཛུགས་ལག་བསྟར་བྱས་ཏེ། རོགས་སྐྱོར་དང་ལེན་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བརྒྱད་པས་ས་མཐོའི་འདེབས་འཛུགས་ལས་རིགས་དང་། ཁྱད་ལྡན་འབྲོག་ལས། མི་རིགས་ལས་ཤེས་བཟོ་ལས། ལྗང་མདོག་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་སོགས་ཀྱི་ཐོན་ལས་ལ་བརྩོན་ཞིབ་བྱས་ནས། གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་འདེབས་འཛུགས་ལས་རིགས་དང་ལས་སྣོན་ཞིབ་ཚགས་དང་། སྐྱིད་གྲོང་རྫོང་གི་འབྲོག་ལས་ཁུལ་ཆུང་། ས་དགའ་རྫོང་གི་འབྲི་གཡག་ནུས་ཆེ་རྒྱུད་སྤེལ་ཕྱོགས་བསྡུས་གསོ་སྤེལ་སོགས་མདུན་ལམ་ཡག་པ་དང་། ཁྱད་ཆོས་ལྡན་པ། མངོན་མེད་སྟོབས་ཤུགས་ཆེ་བ། དམངས་ཕན་ཆེ་བ་བཅས་ཀྱི་རྣམ་གྲངས་ཁག་གཅིག་གསར་འཛུགས་མཐུད་འཛུགས་བྱས་ཡོད། བོད་དུ་སླེབས་ཚུན། བོད་སྐྱོར་རྣམ་གྲངས་ཁྱོན་ཁག་95ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་2.19བཏང་ཡོད།

    དམངས་འཚོའི་བོད་སྐྱོར།

    བརྩེ་སེམས་ཟབ་མོས་བདེ་སྐྱིད་འཚོ་བ་རབ་ཏུ་བསྐྱངས།

    2024ལོར། ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བརྒྱད་པས་བོད་སྐྱོར་མ་དངུལ་སྒོར་ཁྲི་2000བཏང་ནས་བསྐྲུན་པའི་ཆུ་འདོན་སྦུག་དྲ་རིམ་སྤོར་ལེགས་བཅོས་རྣམ་གྲངས་བདེ་བླག་བསྐྲུན་ཟིན་པ་དང་བསྟུན་ནས། འདི་གའི་ཆུ་དཀོན་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཏེ། མང་ཚོགས་ཁྲི་1ལྷག་ཙམ་ལ་བདེ་འཇགས་དང་བློ་བདེ་བའི་ཆུ་སྤྱོད་རྒྱུ་བྱུང་ཡོད། མངར་ཞིང་ཞིམ་པའི་ཆུ་དྭངས་མ་འདི་ནི་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་དམངས་འཚོར་བརྩེ་སེམས་བཅངས་ནས་ས་མཐོར་ལེགས་སྐྱེས་ཕུལ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    བསམ་གྲུབ་རྩེ་ཆུས་ཆིང་ཏའོ་སློབ་ཆུང་གི་ཚན་རིག་སློབ་ཁང་གི་རིག་ནུས་ཚོད་ལྟའི་ལས་སྟེགས་མདུན་དུ་སྤྲོ་སྣང་ལྡན་པའི་ཕྲུ་གུ་མང་པོ་འདུས་ཤིང་། ཁོ་ཚོས་3Dཔར་འདེབས་སྨྱུ་གུ་ཁྱེར་ནས་སེམས་ནང་གི“བར་སྣང་རྟེན་གཞི”འབྲི་བཞིན་མཆིས། བོད་ཀྱི“STEM”ཚན་རིག་སློབ་ཚན་འཁྲིད་སའི་ས་ཁུལ་ཐོག་མ་ཡིན་པའི་ངོས་ནས། འདི་གར་ལྗོངས་ཡོངས་ཀྱི་སློབ་ཆུང་ཚན་རིག་གསར་གཏོད་ཚོད་ལྟ་ཁང་ཐོག་མ་བསྐྲུན་ཡོད་པ་མ་ཟད། ད་དུང་སློབ་གསོ་པུས་རྒྱལ་ཡོངས་ཀྱི“མིང་ཐོ་དཀར་པོའི”ཚན་རིག་གསར་གཏོད་འགྲན་བསྡུར་གྱི་བོད་ཀྱི་གཞི་རིམ་སྒྲིག་འཛུགས་ཚན་པ་འབའ་ཞིག་ཡིན་པའི་གཏན་འཁེལ་བྱས་ཡོད། “དེ་སྔ་ཕྲུ་གུ་ཚོས་སློབ་དེབ་ཐོག་ནས་ཚོད་ལྟ་རྒྱུས་ལོན་བྱེད་རྒྱུ་ལས་མེད། ད་ཆ་ཁོ་ཚོས་འཕྲུལ་མི་བཀོལ་སྤྱོད་བྱེད་ཆོག་ལ་འཇིག་རྟེན་འཕུར་སྐྱོད་ཀྱི་དཔེ་དབྱིབས་ཀྱང་ཇུས་འགོག་བྱེད་ཆོག”ཅེས་ཆིང་ཏའོ་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲོའུ་ཅེས་ངོ་སྤྲོད་བྱས།

    གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་ཕྱོགས་བསྡུས་ལུས་རྩལ་ཁང་དུ་སློབ་ཕྲུག་མང་པོས་ལུས་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ལུས་རྩལ་ཡོ་བྱད་སྣ་ཚོགས་ཀྱི་སྒྲ་དང་སློབ་ཕྲུག་ཚོའི་དགོད་སྒྲ་མཉམ་དུ་འདྲེས་པ་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རོལ་དབྱངས་ཤིག་གྲུབ་ཡོད། འདི་ནི་ཅི་ལིན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་སྒོར་ཁྲི་1400བཏང་ནས་བསྐྲུན་པའི་གཞིས་རྩེའི་ཚད་གཞི་མཐོ་ཤོས་ཀྱི་སློབ་གྲྭའི་ཕྱོགས་བསྡུས་ལུས་རྩལ་ཁང་རེད། འཛུགས་སྐྲུན་རྣམ་གྲངས་ལ་ས་ཆ་སྨི་ངོས་གྲུ་1825ཙམ་ཡོད་ཅིང་། འདི་གར་ལན་ཆིའུ་སྤོ་ལོ་ཐང་དང་། བྱ་སྒྲོའི་སྤོ་ལོ་རྩེད་ས། ཕིང་ཕང་སྤོ་ལོ་རྩེད་ས། ལུས་སྦྱོང་ཁང་། ལུས་རྩལ་ཚད་ལེན་ཁང་སོགས་ཞོར་གཏོགས་སྒྲིག་བཀོད་ཡོད་པས། སློབ་གྲྭ་དེའི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས། སློབ་མ་ཚོས་གནམ་གཤིས་ཇི་འདྲ་བསྟན་ཡང་ལུས་རྩལ་གྱི་སྤྲོ་སྣང་ལོངས་སྤྱོད་ཐུབ་ཀྱི་ཡོད།

    སློབ་ཆེན་ཐོན་པའི་པད་མ་སྒྲོལ་དཀར་གྱིས“ཅི་བོད་སེམས་མཐུན”ལས་ཞུགས་ལས་སྟེགས་བརྒྱུད་སོ་སོའི་སྒོ་རྩ་ནས་ཁྲང་ཁྲུན་གྲོང་ཁྱེར་གྱི་ལས་གནས་རེ་ཞུ་བྱས་པ་དང་། ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་གྲོང་གསེབ་དར་རྒྱས་རྣམ་གྲངས་ལ་གྲངས་འཛིན་ཅན་གྱི་གསར་གཏོད་ལ་བརྟེན་ནས་2024ལོའི་གྲངས་འཛིན་ཀྲུང་གོའི་གསར་གཏོད་འགྲན་བསྡུར་ཆེན་པོའི་གསེར་གྱི་རྟགས་མ་ཐོབ་པ་སོགས། རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སེམས་ནུས་གཅིག་སྒྲིལ་གྱིས་སྨན་བཅོས་དང་། སློབ་གསོ། ཞིང་འབྲོག་ལས་སོགས་ཁྱབ་ཁོངས་གཙོ་བོར་བཟུང་ནས“མང་ཚོགས་དང་འབྲེལ་འདྲིས་ཆེ་ཞིང་མི་སེམས་དྲོ་བར་བྱེད་པའི”ལས་གྲྭ་མང་པོ་གངས་ལྗོངས་ས་མཐོར་སྐལ་བཟང་མེ་ཏོག་ཇི་བཞིན་རབ་ཏུ་བཞད་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།