དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་7.2%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-01

    གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་ལྔ་པའི་བར། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་7.2%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་2.4བར་འཕར་བར་སྐུལ་མ་ཐེབས་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་སྤོགས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོ་ཡོད། ལས་རིགས་ངོས་ནས་བལྟས་ན། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ལས་རིགས་8ཀྱི་ཁྲོད་ནས་ལས་རིགས་7གྱི་ཁེ་སྤོགས་འཕར་ནས། གློག་རྡུལ་དང་། གློག་རླངས་འཕྲུལ་ཆས། ཀུན་སྤྱོད་སྒྲིག་ཆས་སོགས་ལས་རིགས་ཀྱི་ཁེ་སྤོགས་འཕར་ཚད་གྲངས་གནས་གཉིས་ལས་བརྒལ་ནས་འཕར་ཚད་11.9%དང་། 11.6% 10.6%སོ་སོར་ཟིན་ཡོད།

    བཟོ་ལས་ཚང་མའི་ངོས་ནས་བལྟས་ན། ཟླ་བ་དང་པོ་ནས་ལྔ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར་27204.3བྱུང་བ་དེ་ཟླ་བ་དང་པོ་ནས་བཞི་པའི་བར་ལས་སྒོར་དུང་ཕྱུར་6034.1འཕར་ཡོད།

    དེ་དང་ཆབས་ཅིག བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་རགས་རྩིས་དང་ཚོང་གཉེར་ཡོང་འབབ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་རགས་རྩིས་དུས་མཚུངས་ལས་1.1%འཕར་ནས། གཞི་ཁྱོན་ཡན་ཚང་མའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་3.0འཕར་བར་སྐུལ་མ་ཐེབས་ཡོད། ཚོང་གཉེར་ཡོང་འབབ་ཀྱི་ངོས་ནས་བལྟས་ན། ཟླ་བ་དང་པོ་ནས་ལྔ་པའི་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་2.7%འཕར་ནས། བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་སྟེ། ཁེ་ལས་ཀྱི་དུས་མཚམས་རྗེས་མའི་ཁེ་འབབ་སླར་གསོ་ཡོང་བར་མཐུན་རྐྱེན་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།