ཤེས་དཔལ་གླེང་མོལ་གྱི་བྱེད་སྒོ་རབ་དང་རིམ་པ(འབོ་གསེར་གྱི་ཆེད་དོན་བྱེད་སྒོ)པར་ཙིར་དུ་སྤེལ་བ།
ཚེས་27ཉིན། ཤེས་དཔལ་གླེང་མོལ་གྱི་བྱེད་སྒོ་རབ་དང་རིམ་པ(འབོ་གསེར་གྱི་ཆེད་དོན་བྱེད་སྒོ)པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ཀྲོའུ་བཙུགས་སློབ་ཆེན་དུ་སྤེལ་ཞིང་། ཀྲུང་གོ་དང་། པར་ཙིར། ཨུ་རུ་སུ། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་སོགས་འབོ་གསེར་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ལུས་རྩལ་པ་གྲགས་ཅན་དང་གཞོན་ནུའི་འཐུས་མི་སོགས་མི་300ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར“འབོ་གསེར་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཐག་དམ་དུ་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་མཐུན་རྐྱེན་སྦྱོར་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་པར་ཙིར་ལི་གཡོད་རེ་ནེ་ལུའུ་ཀྲོའུ་ཡི་གྲོས་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད།