དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་བོ་ཧི་མ་ལ་ཡ་བརྒལ་ནས་མཛའ་གྲོགས་ཀྱི་མེ་ཏོག་རབ་ཏུ་བཞད།

    “བོད་དང་ལས་འབྲེལ·ཀྲུང་གོའི་བོད་ལྗོངས་གཟའ་འཁོར”བྱེད་སྒོའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-01

    འདི་ནི་ཀྲུང་གོའི་བོད་ལྗོངས་ཀྱི་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་བྱེད་སྒོའི་མཇུག་འགྲིལ་མཛད་སྒོའི་ཐོག་སྐུ་མགྲོན་གྱིས་འཁྲབ་སྟོན་པ་དང་ལས་དོན་པ་མཉམ་དུ་ལྷན་ཞུགས་དྲན་རྟེན་འདྲ་པར་རྒྱག་བཞིན་པ།

    འདི་ནི་ཀྲུང་གོའི་བོད་ལྗོངས་བརྙན་པར་འགྲེམས་སྟོན་བྱ་ཡུལ་ཡིན་པ།

    འདི་ནི་བྱེད་སྒོར་ཞུགས་མཁན་ནེ་པ་ལའི་སྐུ་མགྲོན་ཡིན་པ།

    འདི་ནི་ཀྲུང་གོའི་བོད་ལྗོངས་འཐུས་མི་ཚོགས་པས་ནེ་པ་ལའི་གསར་འགྱུར་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲི་བྱེད་བཞིན་པ།

    འདི་ནི་ནེ་པ་ལའི་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་བྱེད་སྒོར་ཞུགས་མཁན་ནེ་པ་ལའི་སྐུ་མགྲོན་གྱིས་ཚོགས་ར་ནས་པར་རྒྱག་བཞིན་པ།

    འདི་ནི་ཀྲུང་གོའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ནེ་པ་ལའི་ཁན་ཏི་ཕུ་ཨེར་སྨྱན་སྦྱོར་ཚོགས་པར་འཚམས་འདྲི་བྱེད་བཞིན་པ།

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ཡོད་པའི་ནེ་པ་ལའི་སྨྱན་སྦྱོར་གྱི་གསར་འགོད་པ་ཡིན་པ།

    ཉེ་ཆར། “བོད་དང་ལས་འབྲེལ·ཀྲུང་གོའི་བོད་ལྗོངས་གཟའ་འཁོར”བྱེད་སྒོ་སྐབས་དང་པོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་རུ་བདེ་བླག་ངང་འཚོགས་པ་རེད། བྱེད་སྒོའི་ཉིན་འགའ་ཤས་རིང་ཀྲུང་གོའི་བོད་ལྗོངས་ཀྱི་བརྙན་པར་འགྲེམས་སྟོན་དང་། རིག་གནས་སྤྲོ་གླེང་། རིག་རྩལ་འཁྲབ་སྟོན་སོགས་ངོ་མཚར་རབ་ཏུ་ཕྱུག་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་ཀྲུང་ནེའི་ལས་རིགས་ཁག་གི་མི་སྣ་2000ལྷག་ཙམ་དེར་ཞུགས་པའི་ཡིད་དབང་བཀུག་ཡོད། བྱེད་སྒོ་དེས་རི་བོ་ཧི་མ་ལ་ཡ་བརྒལ་བའི་མཛའ་གྲོགས་ཀྱི་མེ་ཏོག་རབ་ཏུ་བཞད་པར་བྱས་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གཅིག་སེམས་གཅིག་ལ་སྦྲེལ་བའི་ཟམ་པ་ཡང་བསྐྲུན་ཡོད།

    ཀྲུང་གོའི་བོད་ལྗོངས་ཀྱི་བརྙན་པར་འགྲེམས་སྟོན་ཐོག་ངོ་མཚར་རྨད་དུ་བྱུང་བའི་པར་རིས་རེ་རེ་ལས་ཀྲུང་གོའི་བོད་ལྗོངས་ཀྱི་བརྗིད་ཆགས་ཡིད་འོང་གི་རི་ཀླུང་དང་། ཁྱད་ལྡན་རིག་གནས། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་གསོན་ཉམས་དོད་པོས་མངོན་ཡོད་པས། ནེ་པ་ལའི་དམངས་ཚོགས་ལ་བར་ཐག་ལེ་དབར་སྟོང་ཚོ་ཆོད་ཀྱང་འཁྲིས་ནས་ཀྲུང་གོའི་བོད་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་རྒྱུ་བྱུང་བས་རང་ཉིད་དངོས་སུ་བོད་ལ་སླེབས་པའི་ཚོར་སྣང་ཞིག་ངང་གིས་སྦྱིན་ཡོད། རིག་གནས་སྤྲོ་གླེང་ཐོག་ཀྲུང་གོ་དང་ནེ་པ་ལའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་རིང་སྨྱན་སྦྱོར་གྱིས་ཐོན་པའི་ནུས་པའི་ཐད་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། སྤེལ་རེས་ཁྲོད་བསམ་བློའི་མེ་ལྕེ་རབ་ཏུ་འཕྱུར་ཡོད། མཇུག་འགྲིལ་མཛད་སྒོའི་ཐོག་ཀྲུང་ནེའི་སྐུ་མགྲོན་གྱིས་ནེ་པ་ལའི“ཀྲུང་གོའི་བོད་ལྗོངས་སྐར་ཁུང”གི་སྒོ་བྱང་གི་ཡོལ་བ་ལྷན་དུ་ཕྱེ་བ་དེ་ཐོག་ནས་ས་གནས་གཉིས་པོའི་རིག་གནས་སྤེལ་རེས་ཀྱི་ལེའུ་གསར་པ་འགོ་བརྩམས་ནས་འབྱུང་འགྱུར་སྤེལ་རེས་ཀྱི་བྱེད་སྒོ་དེ་བས་མང་བ་ཡོང་ངེས་ཡིན་པ་དང་། ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་རྩ་བ་ཚུགས་ནས་མེ་ཏོག་བཞད་པ་དང་འབྲས་བུ་འདོགས་པར་རམ་འདེགས་ཐུབ་ངེས་ཡིན་པའི་སྔ་ལྟས་བཟང་པོ་སྟོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།