དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ཀྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-30

    གསར་འགོད་པར་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། རྙོག་འཛིང་ཆེ་བའི་ཁོར་ཡུག་གི་འཕྲལ་སྡོམ་འཕྲིན་གཏོང་གི་འགན་སྲུང་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། 2025ལོའི་བོད་རང་སྐྱོང་ལྗོངས་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་འཕྲིན་གཏོང་ཐག་གཅོད་ལས་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་བ་དང་། ལྗོངས་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་མི་བརྒྱ་ཙམ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་དེ་རིགས་པའི་གཞུང་ལུགས་དང་དངོས་འཐབ་ཟུང་འབྲེལ་བྱེད་སྟངས་ལ་བརྟེན་ནས་གཉེར་བ་ཞིག་ཡིན་ཞིང་། ནང་དོན་གྲས་སུ་རྒྱལ་སྲུང་སྐུལ་སློང་དང་དམག་དམངས་མཉམ་འདྲེས་དང་། འཕྲལ་སྡོམ་འཕྲིན་གཏོང་བཀོད་འདོམས་བཀོད་གཏོང་མ་ལག རྒྱལ་ཁབ་ཀྱི་འཕྲལ་སྡོམ་འཕྲིན་གཏོང་མཉམ་འདྲེས་མཐུད་འཇུག་ལས་སྟེགས། ཆ་འཕྲིན་གོང་ཞུ་དང་ཞིབ་དཔྱད་གཏན་འཁེལ་ནང་སྦྱོང་སོགས་ཚུད་ཡོད། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ད་ཐེངས་གསོ་སྦྱོང་གི་དམིགས་ཡུལ་ནི་ལས་རིགས་ཀྱི་ཐོན་ཁུངས་ལེགས་སྒྱུར་དང་བསྡུ་སྒྲིལ་གོ་སྐབས་སུ་བཟུང་ནས། རང་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་འཕྲལ་སྡོམ་འཕྲིན་གཏོང་འགན་སྲུང་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འོས་འཚམ་བཅག་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འཕྲིན་གཏོང་གི་འགན་སྲུང་བྱེད་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།