རང་ལྗོངས་སུ་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་163ཡོད་པ།
ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོཌ་བྱས་པར། མིག་སྔའི་བར། རང་ལྗོངས་སུ་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་163ཟིན་ནས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་302.13བྱུང་ཡོད། མཛོད་དུ་བཅུག་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་696ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་46.22%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ས་ཁོངས་གསར་གཏོད་འཕེལ་རྒྱས་མཉམ་འབྲེལ་ཐེབས་རྩར་ཞུགས་པའི་གྲོས་མཐུན་ཡི་གེར》(2020ལོ་ནས་2024ལོ་བར)མིང་རྟགས་བཀོད་པ་དང་། བསྡུར་ཚད་3:1གཞིར་བཟུང་། ཐུན་མོང་ཐོག་མ་དངུལ་སྒོར་དུང་ཕྱུར་2བཏང་ནས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ས་ཁོངས་གསར་གཏོད་འཕེལ་རྒྱས་མཉམ་འབྲེལ་ཐེབས་རྩ(བོད)བཙུགས་པ་དང་རང་ལྗོངས་ཀྱི་རྣམ་གྲངས་ཁག་64ལ་མཉམ་འབྲེལ་ཐེབས་རྩའི་རོགས་སྐྱོར་ཐོབ་ཅིང་། དེའི་ནང་ཚན་ཞིབ་མི་སྣས་སྣེ་ཁྲིད་པའམ་ཡང་ན་དེའི་ནང་ཞུགས་པའི་རྣམ་གྲངས་ཁག་59ཟིན་ཡོད།