ཟླ་བ་དང་པོ་ནས་ལྔ་པའི་བར་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་50.5%འཕར་བ།
ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
● 2025ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་29.8ཟིན་ནས་ན་ནིང་གི་དུས་མཚུངས་ལས(གཤམ་འོག་དང་གཅིག་མཚུངས)50.5%འཕར་བ།
● གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.9དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་827ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་18ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་བཀྲམ་པའི་ཆ་འཕྲིན་ནང་འཁོད་དོན། བསྡོམས་རྩིས་ལ་གཞིགས་ན། 2025ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་29.8ཟིན་ནས་ན་ནིང་གི་དུས་མཚུངས་ལས(གཤམ་འོག་དང་གཅིག་མཚུངས)50.5%འཕར་ཡོད།
ཐོན་སྐྱེད་རྣམ་པའི་ཁེ་ལས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་བསྡུར་གྲངས་བཟུང་ཚད་མུ་མཐུད་འཕར་ཏེ་དམངས་གཉེར་ཁེ་ལས་ཀྱི་གཙོ་ཤུགས་དམག་གི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རྣམ་པའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདེན་བྱེད་ཚད་སྒོར་དུང་ཕྱུར་24ཟིན་ཏེ་ལྡབ་2.1འཕར་ནས། བསྡུར་གྲངས་བཟུང་ཚད་དེ་2021ལོའི་27.5%ནས་80.4%བར་འཕར་ཏེ་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁྲོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་གཙོ་ཤུགས་དམག་གི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཏེ། ཟླ་བ་དང་པོ་ནས་ལྔ་པའི་བར། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཐད་གྲུབ་འབྲས་དངོས་ཐོབ་པའི་དམངས་གཉེར་ཁེ་ལས་153ཟིན་པ་དེ་དག་གིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་25.9ཟིན་ནས་86.3%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་བསྡུར་གྲངས་བཟུང་ཚད་ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད། དེ་དང་དུས་མཚུངས་གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.9དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་827ཟིན་ཡོད།
ཁྲོམ་ར་སྣ་མང་ཅན་གྱི་བཀོད་པ་སྔར་བས་ལེགས་སུ་ཕྱིན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་གྱི་མཉམ་ལས་མུ་མཐུད་ཟབ་ཏུ་སོང་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་རྒྱལ་ཁབ(ས་ཁུལ)90དང་ཚོང་དོན་འགྲོ་འོང་བྱེད་པའི་ཐོག ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་དང་། ཧོང་ཏུ་ར་སི། ཕ་ན་མ། ལེ་པ་ནོན་སོགས་ཚོང་དོན་རོགས་ཟླ་9མང་དུ་ཕྱིན་ཡོད། ཧང་ག་རི་དང་། མ་ལེ་ཞི་ཡ། ཨུ་རུ་སུ་ནི་ཞིང་ཆེན་ཡོངས་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་གསུམ་ཡིན་པ་དེ་དག་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་11.6དང་། སྒོར་དུང་ཕྱུར་3.2 སྒོར་དུང་ཕྱུར་1.9བཅས་སོ་སོར་ཟིན་ནས་ལྡབ་27.6དང་། 57.6% ལྡབ་1.7འཕར་ཡོད། དེ་དང་དུས་མཚུངས་ཞིང་ཆེན་ཡོངས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་24.6ཟིན་ནས་68.2%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་82.6%བཟུང་ཡོད།
ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་གཏོང་ཤུགས་ཆེན་འཕར་ནས་ཤེལ་མང་ཀུལ་དང་། ཁིལ་འདུས་ཁ་སིན་སོགས་སྲོལ་རྒྱུན་གྱི་ཐོན་རྫས་ཕྱིར་གཏོང་གནས་ཚུལ་ཡག་པོ་ཡོད་ཅིང་། ཟླ་བ་དང་པོ་ནས་ལྔ་པའི་བར། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་12.2ཟིན་ནས་ལྡབ་16.5འཕར་བའི་ཁྲོད། ལིས་གྱེས་རྡུལ་གློག་གསོག་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་11.5ཟིན་ནས་ལྡབ་33.5འཕར་ཏེ། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཤུགས་ཆེར་འཕར་བར་སྐུལ་ཁྲིད་བྱེད་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། དེ་དང་དུས་མཚུངས་ཞིང་ཆེན་ཡོངས་ཀྱི་ཤེལ་མང་ཀུལ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.8ཟིན་ནས་ལྡབ་70.9%འཕར་བ་དང་། ཁིལ་འདུས་ཁ་སིན་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.4ཟིན་ནས་ལྡབ་2.2འཕར་བ། ཐཱན་སྐྱུར་ནཱ(བུལ་རྐྱང)ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་0.9ཟིན་ནས་ལྡབ་2.2འཕར་བ་བཅས་རེད།
མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མུ་མཐུད་བརྟན་པོར་གནས་ཐུབ་ནས“གྲང་ཟུང་སྒུལ་ནུས”ཀྱིས་ཕྱི་རྒྱལ་དུ་གཏོང་ཤུགས་མགྱོགས་སུ་བཏང་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.6ཟིན་ནས་44.9%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པའི་ཁྲོད། ཞིང་ཆེན་ཡོངས་ཀྱི་གྲང་བསིལ་སྔོ་ཚལ་ཕྱིར་གཏོང་བྱེད་ཚད་ཏུན་1812.8ཟིན་ནས་ལྡབ་2.1འཕར་ཡོད། ཆུ་གྲང་མོའི་ནང་འཚོ་བའི་ཉ་ཙུན་ཡུས་དང་། ཉ་ཙུན་ཡུས་ཀྱི་ཤ་ལེབ་སོགས་གྲང་ཆུའི་ཉའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཏུན་2344.7ཟིན་ནས་ལྡབ་1.3འཕར་ཡོད།
ཕྱི་ཕྱོགས་ཉོ་ཚོང་ཟམ་མི་ཆད་པར་འཁྲུག་ཆ་དོད་དུ་ཕྱིན་ནས་མཚོ་ནུབ་དང་། མཚོ་ལྷོ། མཚོ་བྱང་བཅས་ཀྲོའུ་གསུམ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་འཕར་ཚད་ཞིང་ཆེན་ཧྲིལ་པོའི་ཆུ་ཚད་ལས་བརྒལ་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར། ཞིང་ཆེན་ཡོངས་ཀྱི་ཀྲོའུ་ཁག་ཚང་མས་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་གཉེར་བའི་ཁྲོད། ཟི་ལིང་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་24ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་80.5%བཟུང་ཞིང་། དེ་དང་དུས་མཚུངས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.7 མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་811ཟིན་ནས་159.5%དང་། 125.2% ལྡབ་13.9བཅས་སོ་སོར་འཕར་ཏེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད།