2025ལོའི(ཀྲུང་གོ)ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཚོང་ཟོག་ཚོང་དོན་འགྲེམས་ཚོགས་འགོ་ཚུགས་པ།
ཁེ་ལས་2800ལྷག་ཙམ་ཤིན་ཅང་དུ་འཛོམས་ནས་ཚོང་ལམ་བཙལ་བ།
“ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་ལས་མཉམ་དུ་གླེང་། དར་གོས་ལམ་བུའི་དར་རྒྱས་མཉམ་དུ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི(ཀྲུང་གོ)ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཚོང་ཟོག་ཚོང་དོན་འགྲེམས་ཚོགས་ཤིན་ཅང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་50ནས་ཡོང་བའི་ཁེ་ལས་ཀྱི་འཐུས་མི་2800ལྷག་ཙམ་ཤིན་ཅང་དུ་འཛོམས་ནས་དཔལ་འབྱོར་ཚོང་དོན་གྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བའི་ཚོང་ལམ་བཙལ་བ་རེད།
སྐབས་འདིའི་ཚོང་ཟོག་ཚོང་དོན་འགྲེམས་ཚོགས་ཀྱིས་ད་དུང་ཚོང་དོན་མ་འཇོག་གི་སྐུལ་སྤེལ་བྱེད་སྒོ་ཁག་60ལྷག་ཙམ་སྤེལ་ནས་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་དང་འབྲེལ་མཐུད་བྱེད་པར་རམ་འདེགས་བྱ་རྒྱུ་རེད།