དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བཞི་པའི་བར་ཤེས་བྱ་འདུས་ཆེའི་རྣམ་པའི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་6.1%འཕར་བ།

    “ཀྲུང་གོའི་ཞབས་ཞུ”འབྲིང་རིམ་དང་མཐོ་རིམ་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-28

    ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་འཕར་ཚད་ཅུང་མགྱོཌ་པོ་རྒྱུན་འཁྱོངས་ཐུབ་ནས་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་11285.2ཟིན་པ་དེ་དུས་མཚུངས་ལས་14.6%འཕར་ཡོད། གོ་ལ་ཧྲིལ་པོའི་ཚོང་དོན་ལ་ངེས་གཏན་མེད་པའི་ཆས་ཁེངས་པའི་རྒྱབ་ལྗོངས་འོག འཕར་ཚད་14.6%ཟིན་པ་དེ་ནི་ལས་སླ་པོ་ཞིག་མ་རེད།

    མིག་སྔར“ཀྲུང་གོར་ཡུལ་སྐོར་དུ་སྐྱོད་པ”དང“ཀྲུང་གོ་ནས་ཉོ་སྒྲུབ་བྱེད་པ”དེ་མུ་མཐུད་ཤུགས་ཆེར་ཕྱིན་པ་དང་། མི་ཐབས་རིག་ནུས་དང་སྤྲིན་ཚོམ་རྩིས་རྒྱག་སོགས་སྔོན་ཐོན་ལག་རྩལ་གྱི་ཚད་བརྒལ་ལས་གོ་ལ་ཧྲིལ་པོའི་མཉམ་ལས་བྱེད་སྟངས་བསྐྱར་དུ་གཏོད་བཞིན་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་འཕར་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཉིན་ཤས་གོང་གསར་འགོད་པས་ཁེ་ལས་དང་རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱས་ནས། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་གྱི་འཕེལ་ཕྱོགས་གསར་པ་དང་སྒུལ་ནུས་གསར་པ་འཚོལ་ཞིབ་བྱས་པ་ཡིན།

    ཉེ་ཆར། ཧྲང་ཧའེ་དང་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་པའི་དམིགས་བསལ་གྱི་ལས་རིགས་ཚོགས་ཆེན་ཞིག་ལ་གོ་ལ་ཧྲིལ་པོའི་ཡིད་དབང་འཕྲོག་ཡོད། རྒྱལ་ཁབ་དང་ས་ཁུལ་74ནས་ཡོང་བའི་ཡུལ་སྐོར་ལས་རིགས་ཀྱི་མི་སྣ་གྲགས་ཅན་3000ལྷག་ཙམ་རྒྱལ་ནང་གི་ཡུལ་སྐོར་ལས་སྟེགས་ཁེ་ལས་ཀྱི་གདན་ཞུས་ལྟར་ཚོགས་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོར་ཡུལ་སྐོར་བྱེད་པར་ཡོང་ཡོད།

    ཏི་པའེ་གསོལ་མགྲོན་ཁང་གི་ཁྲོམ་རའི་སྤྱི་ཁྱབ་ལྟ་ཞིབ་པ་དང་། ཡོ་རོབ་ཀྱི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཀྱི་ཐོན་རྫས་ཅིང་ལི། རྒྱལ་སྤྱིའི་དྲ་ཐོག་གྲགས་ཅན་ཡུལ་སྐོར་དཔོད་བདག་སོགས་ཚོགས་པའི་ཁྲོད་རྒྱལ་སྤྱིའི་ཡུལ་སྐོར་ལས་རིགས་སུ་ཤུགས་རྐྱེན་ལྡན་པའི་མི་སྣ་མང་པོ་ཡོད།

    གློག་འོད་འཚེར་བའི་ཧྲང་ཧའེ་ཝེ་ཐན་གཙང་འགྲམ་ནས་དྭངས་ཤིང་གསལ་བའི་གཟི་ཚ་སྡེ་དགུའི་རི་ཆུའི་བར་དང་། རོ་བརྒྱ་ལྡན་པའི་རྒྱ་ཁོག་གི་དྲི་ཞིམ་ནས་དེང་རབས་ཀྱི་ཚོང་དོན་ཁུལ་གྱི་དར་རྒྱས་བར། ད་ཐེངས་ཀྱི་གོ་ལ་ཧྲིལ་པོའི་ཡུལ་སྐོར་མཁས་མཆོག་ཀྲུང་གོར་ཡུལ་སྐོར་བྱེད་པ་དེ་ནི་རིག་གནས་སྤེལ་རེས་ཤིག་ཏུ་གྱུར་ཡོད།

    ཡུལ་སྐོར་ཞབས་ཞུ་ནི་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་གྱི་ཁྱབ་ཁོངས་ཆེ་ཤོས་ཡིན་ཞིང་། གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་ཡུལ་སྐོར་ཞབས་ཞུ་མུ་མཐུད་མགྱོགས་མྱུར་འཕར་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7567.8ཟིན་ཏེ་འཕར་ཚད་14.7%ཟིན་པ་དེའི་ནང་ཕྱིར་གཏོང་བྱེད་ཚད་79.9%འཕར་བ་དང་ནང་འདྲེན་བྱེད་ཚད་7.8%འཕར་ཡོད།

    མིག་སྔར“ཀྲུང་གོའི་ཞབས་ཞུ”དེ་རིན་ཐང་འཁོར་འབྲེལ་གྱི་མཐོ་རིམ་དང་འབྲིང་རིམ་གྱི་ཕྱོགས་སུ་འཕེལ་རྒྱས་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད།

    ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཤེས་བྱ་འདུས་ཆེའི་རྣམ་པའི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་5902.4ཟིན་ནས་6.1%འཕར་ཡོད།

    ཟླ་6པར་རྒྱ་མཚོའི་ཕ་རོལ་གྱི་ཕེ་རུའི་ཆན་ཁའེ་གྲུ་ཁར་ཁ་ལོ་བ་མེད་པའི་རིག་ནུས་དོས་སྒམ་ལྗིད་ཐེག་རླངས་འཁོར་50གོ་རིམ་ལྡན་པའི་ངང་ཕར་འགྲོ་ཚུར་འོང་བྱས་ནས་སྔོན་བཀོད་ཀྱི་ལམ་ཐིག་བརྒྱུད་དེ་དོས་སྒམ་རེ་རེ་ཟོག་འདྲེན་གྲུ་གཟིངས་ནས་གཏན་འཁེལ་བྱས་པའི་ས་ཆར་འབེབས་བཞིན་ཡོད། བརྒྱུད་རིམ་ཧྲིལ་པོར་མིས་བཀོལ་སྤྱོད་བྱེད་མི་དགོས་པར“རིག་ལྡན་ཀླད་པའི”རླངས་འཁོར་བཀོད་གཏོང་མ་ལག་གིས་ལེགས་སྒྲུབ་བྱེད་ཀྱི་ཡོད།

    ཆན་ཁའེ་གྲུ་ཁ་ནི་ཀྲུང་གོ་དང་ཕེ་རུས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་རེད་ལ། ཨ་མེ་རི་ཁ་ལྷོ་མའི་རིག་ལྡན་གྲུ་ཁ་དང་པོ་དེ་ཡང་རེད།

    ཡིའུ་ཏའོ་ཀྲི་ཐུའུ་ཡི་ལག་ལེན་ཉིད་རྒྱལ་ཡོངས་ཀྱི་ལག་རྩལ་ཚོང་དོན་གསར་གཏོད་ཀྱི་ལག་ལེན་དཔེ་མཚོན་ནང་བདམས་ཤིང་། དེའི་ནང་བདམས་པའི་དཔེ་མཚོན་མིང་ཐོར་གསལ་བ་ལྟར་ན། ཧྲའན་ཤིས་དབྱང་ལིན་དེང་རབས་ཞིང་ལས་རྒྱལ་སྤྱིའི་མཉམ་ལས་ཚོགས་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་7དུ་ཕྱི་རྒྱལ་གྱི་ཞིང་ལས་དཔེ་སྟོན་གླིང་ཁུལ་14བསྐྲུན་པ་དང་། ཀྲུང་གོ་ཚན་རིག་ཁང་ཏ་ལེན་རྫས་འགྱུར་དངོས་ཁམས་ཞིབ་འཇུག་ཁང་གིས་དབྱི་ཁྲེང་ཨན་ལྗང་མདོག་འདྲེས་སྦྱོར་བཟོ་ལས་ཅན་གྱི་ལག་རྩལ་བདེ་བླག་ངང་ཞིབ་སྤེལ་བྱས་ཏེ། གོ་ལ་ཧྲིལ་པོའི་རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་ལྗང་མདོག་ཕྱོགས་སྒྱུར་དང་རྒྱུན་མཐུད་འཕེལ་རྒྱས་ལ“ཀྲུང་གོའི་ཇུས་གཞི”མཁོ་འདོན་བྱས་པ་རེད།

    རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཉིད་སྔར་ན་མེད་པའི་ཟབ་ཚད་དང་ཁྱབ་ཚད་ལ་བརྟེན་ནས་སྐུལ་སྤེལ་གཏོང་བཞིན་ཡོད་ལ། གོ་སྐབས་གསར་པར་དམ་འཛིན་གྱིས“ཀྲུང་གོའི་ཞབས་ཞུའི”རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།