དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེའོ་ཉིང་གིས་སྲིད་ཇུས་ཁྱབ་བསྒྲགས་བྱས་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-28

    ཉེ་ཆར། ལེའོ་ཉིང་ཞིང་ཆེན་དམངས་སྲིད་ཐིང་གིས་ལེའོ་ཉིང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན(ཚན་པ)དང་མཉམ་དུ《ལེའོ་ཉིང་ཞིང་ཆེན་གྱིས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་འགའ་ཞིག》བཏོན་པའི་དམིགས་ཡུལ་ནི་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་དང་། མི་མངོན་པའི་སྟོབས་ཤུགས་སྔོག་འདོན། འཛད་སྤྱོད་ལ་སྐུལ་སྤེལ་བཅས་བྱས་ཏེ་དབུ་དཀར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།

    རྒན་གསོའི་ཐོན་སྐྱེད་སྒྲུབ་རིམ་རིག་ནུས་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུའི་ཐད། སྲིད་ཇུས་བཏོན་ནས་རྒན་རྒོན་དང་འབྲེལ་བ་ཡོད་པའི་རིག་ནུས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་དང་། གྲངས་འཛིན་ཅན་གྱི་འཁོར་ཁང་། རིག་ནུས་བཟོ་གྲྭ་འཛུགས་སྐྲུན་རྣམ་གྲངས་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། རྒན་རྒོན་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་བཟོ་ལས་འཕྲུལ་མི་ཉོ་བ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ། རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་གྱི་5%ཡི་བསྡུར་ཚད་བཞིན་རྒྱབ་སྐྱོར་བྱ་རྒྱུ། རྣམ་གྲངས་རྐྱང་པར་རྒྱབ་སྐྱོར་བྱེད་ཚད་མཐོ་ཤོས་སྒོར་ཁྲི་1000རེད། སྡེ་ཁུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཁྱིམ་སྡོད་རྒན་གསོ་འཕེལ་རྒྱས་གཏོང་རྒྱུའི་ཐད། སྲིད་ཇུས་བཏོན་ནས་རྫོང་ཁོངས་རྒན་གསོ་ཞབས་ཞུའི་མ་ལག་གིས་གསར་གཏོད་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་ཚོད་ལྟའི་ས་ཁུལ་ཚང་མར་ཁ་གསབ་དངུལ་སྒོར་ཁྲི་400ལས་མི་བརྒལ་བར་སྤྲོད་རྒྱུ་དང་། རིགས་ཁག་གི་གཉེར་སྐྱོང་བྱེད་པོས་དཀའ་ངལ་ཡོད་པ་དང་ལོ་ན་མཐོ་བའི་རྒན་རྒོན་ལ་ཁྱིམ་སྡོད་རྒན་གསོའི་ཞབས་འདེགས་སྒོ་ཁར་ཞུ་བར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་གཏན་འབེབས་གཞིར་བཟུང་ཁ་གསབ་སྤྲོད་རྒྱུ། རྒན་རྒོན་གྱི་ཁ་ལག་བཟོ་བའི་ཞབས་ཞུའི་སྒྲིག་གཞི་བཙུགས་རིགས་ལ་གཏན་འབེབས་གཞིར་བཟུང་ཁ་གསབ་སྤྲོད་རྒྱུ། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་གཞི་ཁྱོན་ཆེ་རུ་གཏོང་བའི་ཐད། སྲིད་ཇུས་བཏོན་ནས་འཛད་སྤྱོད་འཛིན་ཤོག་སོགས་སྤྲོད་པའི་བྱ་ཐབས་བརྒྱུད། ངལ་ནུས་ཤོར་བའི་རྒན་རྒོན་ལ་རྒྱུན་མཁོའི་མཁོ་ཆས་ཉོ་བ་དང་སྡེ་ཁུལ་དང་སྒྲིག་གཞིས་ལྟ་རྟོག་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཁྱིམ་སྡོད་རྒན་འཕྲོད་ཅན་སྒྱུར་བཀོད་ཐོན་རྫས་དག་འཛད་སྤྱོད་ཐོན་རྫས་རྙིང་པ་གསར་པར་བརྗེ་བའི་ཁྱབ་ཁོངས་སུ་འཇུག་རྒྱུ་བཅས་རེད།

    གཞན་ཡང་། དབུ་དཀར་དཔལ་འབྱོར་གྱི་ཚོང་དོན་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། དབུ་དཀར་དཔལ་འབྱོར་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒན་གསོའི་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། དབུ་དཀར་ཡུལ་སྐོར་ཞབས་ཞུའི་ལས་རྣམ་རྒྱ་སྐྱེད་གཏོང་བ་སོགས་ཕྱོགས་མང་པོའི་ཐད་སྲིད་ཇུས་བཏོན་ནས་རྒྱབ་སྐྱོར་བྱ་རྒྱུ་རེད། སྲིད་ཇུས་གོ་ཆོད་ཡུན་ཚད་ནི་2027ལོའི་ཟླ་12ཚེས་31བར་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།