དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་མཚོ་ཐོག་སོལ་ཞིང་ཆེ་ཤོས་བསྐྲུན་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-28

    “མཚོ་འཇིངས་རྟགས་ཅན་དང་པོའི”ནུས་རྒྱུའི་ས་ཚིགས་ཡིན་པ།

    “མཚོ་འཇིངས་རྟཌ་ཅན་དང་པོའི”དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་དཔེ་དབྱིབས་ཡིན་པ།

    གྲུ་གཟིངས་མཚོ་ཐོག་རང་བྱུང་སོལ་རླངས་ཐག་གཅོད་ཁྱུ་ཚོགས་སུ་ཡོད་པ།

    ཟླ་6ཚེས་25ཉིན། ཧའེ་ནན་ཡ་ཁྲེང་གི་མཚོ་ཁོངས་སུ་སོལ་རླངས་ཁྲོན་པ་མཇུག་ཤོས་དེ་འདྲུས་ཟིན་ནས་ཐོན་སྐྱེད་བྱས་པ་དང་བསྟུན་ཏེ། “མཚོ་འཇིངས་རྟགས་ཅན་དང་པོའི”དུས་ཐེངས་གཉིས་པའི་རྣམ་གྲངས་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། དེ་ཐོག་ནས“མཚོ་འཇིངས་རྟགས་ཅན་དང་པོའི”སོལ་ཞིང་ཆེན་པོའི་ཆུ་འོག་སོལ་ཁྲོན་23ཚང་མ་ལས་ཀ་བྱེད་ཐུབ་སྟེ་ཉིན་རེའི་ཐོན་ནུས་མཐོ་ཤོས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1500ཟིན་ནས་རྒྱལ་ནང་གི་ཐོན་ཚད་མཐོ་ཤོས་ཀྱི་མཚོ་ཐོག་སོལ་ཞིང་དུ་གྱུར་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར“མཚོ་འཇིངས་རྟགས་ཅན་དང་པོའི”སོལ་ཞིང་ཆེན་པོའི་ཐོན་ནུས་ཇུས་འགོད་མཐོ་ཤོས་ཀྱི་རྣམ་པར་སླེབས་པ་དང་ལོར་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་45ལས་བརྒལ་རེ་ཡོད་པ་རེད། སོལ་ཞིང་ལས་ཐོན་པའི་ཆུ་གཏིང་ཟབ་པའི་རང་བྱུང་སོལ་རླངས་ཤང་ཀང་དང་། ཧའེ་ནན་སན་ཡ། ཀོང་ཏུང་ཀྲུའུ་ཧའེ་སོགས་ས་ཁུལ་གྱི་སྐམ་སའི་མཐའ་སྣེ་བརྒྱུད་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་འཁྲིད་ཐུབ་པ་མ་ཟད། རྒྱལ་ཡོངས་ཀྱི་རང་བྱུང་སོལ་རླངས་སྦུག་དྲར་ཡང་མཐུད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།