དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཝེའི་མཛའ་གྲོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-28

    ཚེས་25ཉིན་ཀོང་ཤིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀོང་ཤིས་དུག་འགོག་གཞུང་དོན་ཁང་གིས་ཝེ་ཐེ་ནམ་ཀའོ་ཕིང་ཞིང་ཆེན་ལོ་ཆུང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཝེ་ཐེ་ནམ་ཀའོ་ཕིང་ཞིང་ཆེན་སྤྱི་བདེ་ཐིང་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་ཝེའི་མཛའ་གྲོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང“ཀྲུང་ཝེའི་བུད་མེད་ཀྱིས་ལག་གདང་སྦྲེལ་ནས་དུག་རྫས་རང་ཁྱིམ་དུ་མ་ཁྱབ་པ་བྱེད་པའི”—“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཀོང་ཤིས་ཀྱི་ཁྲུང་ཙོ་གྲོང་ཁྱེར་ཏ་ཤིན་རྫོང་དུ་སྤེལ་བ་རེད། བྱེད་སྒོ་དེས་ཀྲུང་ཝེའི་མཐའ་མཚམས་ས་ཁུལ་གྱི་བུད་མེད་ཀྱི་འཐུས་མི་དང་མང་ཚོགས་300ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཅིང་། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་དུག་འགོག་གི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས“དུག་མེད”མཐའ་མཚམས་མཉམ་དུ་བཏོད་དེ། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་ཝེའི་མཛའ་གྲོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་སྤེལ་གཏོང་ཆེད་རེད།

    བྱེད་སྒོ་སྤེལ་རིང་། ཀྲུང་ཝེ་ཕྱོགས་གཉིས་ཀྱི་འཐུས་མིས་གཏམ་བཤད་བྱས་ཤིང་། དེ་རྗེས་ཀྲུང་ཝེ་ཕྱོགས་གཉིས་པོའི་འཐུས་མིས་གྲོས་འགོ་བཏོན་ནས། རྒྱལ་ཁབ་གཉིས་པོའི་བུད་མེད་ལ་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་དུག་མེད་ཁྱིམ་ཚང་གི“སྲུང་སྐྱོང་པ”དང་དུག་རྫས་གཏན་འགོག་དང་དུག་རྫས་སྔོན་འགོག་གི“དྲིལ་བསྒྲགས་པ”ཧུར་ཐག་བྱས་ཏེ་ཁྱིམ་ཚང་གི་ཁོངས་མིར་དུག་རྫས་ཀྱི་གནོད་འཚེ་དང་རྒྱང་རིང་ཙམ་བྱེད་རྒྱུའི་འབོད་སྐུལ་བྱས་པ་རེད། གཞན་ཡང་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་ཁྱིམ་ཚང་གི་འཐུས་མིས་མཛའ་གྲོགས་ཀྱི་ལྗོན་ཤིང་ལ་མཉམ་དུ་ཆུ་བརྒྱབ་པ་དང་ཀྲུང་ཝེའི་མཛའ་གྲོགས་གླུ་དབྱངས་མཉམ་དུ་བླངས་པ་དང་ཆབས་ཅིག དུག་འགོག་ཁས་ལེན་གྱི་གྱང་སྟེང་དུ་མིང་རྟགས་ཀྱང་བཀོད་པ་རེད།

    ས་གནས་ས་ཐོག་ཏུ་ད་དུང་འདྲ་བཟོས་དུག་རྫས་འགྲེམས་སྟོན་དང་། དུག་འགོག་ཤེས་བྱ་བློ་འདྲི། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དུག་འགོག་ཤེས་བྱ་སློབ་སྦྱོང་བྱེད་པའི་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་དུག་རྫས་ཀྱི་གནོད་འཚེར་ཚང་མས་ངོས་འཛིན་ཐུབ་ཤུགས་སྔར་བས་ཆེ་རུ་ཕྱིན་ནས། དུག་རྫས་སྔོན་འགོག་དང་དུག་རྫས་གཏན་འགོག་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།