ཀྲུང་གོའི་སྐུ་ཚབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱ་ཐབས་ཏན་ཏིག་སྤྱད་དེ་དྲག་ཤུཌ་གདོང་གཏུག་ཁྲོད་བྱིས་པར་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་བཏང་བ།
ཚེས་25ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཧྥུའུ་ཚུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱིས་པ་དང་དྲག་ཤུགས་གདོང་གཏུག་གནད་དོན་གྱི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱ་ཐབས་ཏན་ཏིག་སྤྱད་དེ་དྲག་ཤུགས་གདོང་གཏུག་ཁྲོད་བྱིས་པར་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་བཏང་ཡོད། འདི་ནི་ཟླ་6ཚེས་25ཉིན་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱིས་པ་དང་དྲག་ཤུགས་གདོང་གཏུག་གནད་དོན་གྱི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་འཚོག་བཞིན་པ།