དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྥ་རན་སེའི་ཉི་འོད་རྒྱལ་སྤྱིའི་དངོས་མཚོན་པར་གཞིའི་དུས་ཆེན་རིང་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་སྟོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-28

    ཉེ་ཆར་ཧྥ་རན་སེའི་ཉི་འོད་རྒྱལ་སྤྱིའི་དངོས་མཚོན་པར་གཞིའི་དུས་ཆེན་སྐབས་སོ་དྲུག་པར་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་སྟོན་པ་དང་། བརྗོད་དོན་གཙོ་བོའི་བྱེད་སྒོ་མང་པོ་སྤེལ་བ་དང་དེ་བཞིན་མཉམ་ལས་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་བརྒྱུད། རྒྱལ་སྤྱིའི་སྒྲིག་གཞི་དེ་བས་མང་བར་ཀྲུང་གོའི་དངོས་མཚོན་པར་གཞི་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་དེ་བཞིན་མཉམ་ལས་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་རོགས་བྱས་པ་དང་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་མཉམ་ལས་དེ་བས་མང་བར་སྐུལ་འདེད་བཏང་བ་རེད། སྐབས་འདིའི་དངོས་མཚོན་པར་གཞིའི་དུས་ཆེན་ཚེས་23ནས་26ཉིན་བར་ཧྥ་རན་སེའི་ནུབ་རྒྱུད་ཀྱི་མཚོ་འགྲམ་གྲོང་ཁྱེར་ལཱ་ལུའོ་ཤེར་གཉེར་ཞིང་། འདི་ནི་ཟླ་6ཚེས་24ཉིན། ཧྥ་རན་སེའི་ནུབ་རྒྱུད་ཀྱི་མཚོ་འགྲམ་གྲོང་ཁྱེར་ལཱ་ལུའོ་ཤེར་མི་རྣམས་ཀྱིས་ཧྥ་རན་སེའི་ཉི་འོད་རྒྱལ་སྤྱིའི་དངོས་མཚོན་པར་གཞིའི་དུས་ཆེན་སྐབས་སོ་དྲུག་པའི་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་སུ་སྤེལ་རེས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།