དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པས་ཧང་ག་རིར་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-06-28

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་གློག་འཕྲིན་འབྱོར་གསལ། ཚེས་23ནས་25ཉིན་བར། ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་པད་མ་འཕྲིན་ལས་ཀྱིས་ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧང་ག་རིར་འཚམས་འདྲི་གནང་ཞིང་། པད་མ་འཕྲིན་ལས་ཀྱིས་གྲོང་ཁྱེར་པུ་ཏ་ཕེ་སིར“རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཐུན་མོང་ངོས་འཛིན་ཏེ། ལོ་80ལ་ཕྱིར་དྲན་དང་འབྱུང་འགྱུར་ལ་རྒྱང་ལྟ”ཞེས་པའི་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་བསྒྲོན་པ་དང་། ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨོའུ་ལཱ་དང་། ཧང་ག་རིའི་ཡོ་རོབ་མནའ་འབྲེལ་ལས་དོན་པུའི་པུའུ་ཀྲང་གཞོན་པ་རི་ཀོ་མོང་ཏེ། ཧང་ག་རིའི་ལུའོ་ལན་སློབ་ཆེན་གྱི་སློབ་སྤྱི་པོའོ་མུའུ་ཝང་སོགས་ས་གནས་དེ་གའི་མི་སྣ་དང་མཇལ་འཕྲད་གནང་བ་རེད།

    འཐུས་མི་ཚོགས་པས་ཧང་ག་རི་ཕྱོགས་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེང་སྐབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ནང་དོན་ཟབ་མོར་གཙོ་གནད་ཐོག་འཆད་འགྲེལ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འཐབ་ཇུས་བཀོད་སྒྲིག་ལ་གསལ་འགྲེལ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་གྲུབ་འབྲས་དང་ལག་ལེན་ཉམས་མྱོང་གསོན་ཉམས་དོད་པོས་ངོ་སྤྲོད། མིག་སྔའི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་འཕྲད་པའི་འགྲན་སློང་ཐད་ལྟ་ཚུལ་བརྗེ་རེས་བཅས་བྱས་པ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ཐད་ཀྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆར་དཔྱད་བསྡུར་སྤེལ་རེས་བྱས་ནས། ཕན་ཚུན་གྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་འགྲོ་ལམ་ལ་བསམ་ཤེས་བྱེད་ཟབ་ཏུ་བཏང་ཞིང་། འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་སྔར་བས་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།