དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཀྲུང་གོའི་སྤུས་རྟགས་ཚོང་ཟོག(ཡོ་རོབ་དབུས་ཤར)འགྲེམས་ཚོགས་པུ་ཏ་ཕེ་སིར་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-06-28

    ཤིན་ཧྭ་གསར་འགྱུར་ཁང་དུ་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚོང་དོན་པུའུ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལས་དོན་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་ཡོའི་ཚོང་ཟོག་ཉོ་ཚོང་ཟོག་འགྲུལ་མཉམ་ལས་ཁུལ་གྱིས་གཉེར་འགན་འཁུར་བའི་2025ལོའི་ཀྲུང་གོའི་སྤུས་རྟགས་ཚོང་ཟོག(ཡོ་རོབ་དབུས་ཤར)འགྲེམས་ཚོགས་ཚེས་26ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འགོ་ཚུགས་ཤིང་། ཀྲུང་གོའི་ཧྲན་ཏུང་དང་། ལེའོ་ཉིང་། ཅང་ཤིས། ཐེན་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་17གྱི་ཁེ་ལས་270འགྲེམས་ཚོགས་ལ་ཞུགས་པ་དེ་འགྲེམས་ཚོགས་ནང་ཞུགས་པའི་ཞིང་ཆེན་མང་ཤོས་ཀྱི་སྐབས་ཤིག་རེད།

    ཧང་ག་རའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་ཐོར་ཚའོ་དབྱི·ཡཱ་ནུའོ་ཧྲི་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གསོན་ཤུགས་ལྡན་ཤོས་ཀྱི་དཔལ་འབྱོར་སྒྲིག་གཞིའི་གྲས་ཤིག་ཡིན་པས། གསར་གཏོད་དང་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་སུ་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད། དེས་ཧང་ག་རིའི་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཐུབ་ངེས་རེད། ཀྲུང་གོའི་སྤུས་རྟགས་ཚོང་ཟོག་འགྲེམས་ཚོགས་ནི་འགྲེམས་ཚོགས་ཙམ་མ་ཡིན་པར་དེ་ནི་ཧང་ག་རིའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་ར་དང་ཚོང་ལས་རིག་གནས་རྒྱུས་ལོན་བྱེད་པའི་གོ་སྐབས་ཤིག་དེ་བས་ཀྱང་རེད་ཅེས་བརྗོད།

    ཀྲུང་གོ་ཚོང་དོན་པུའུ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏེང་པོ་ཡིས་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གཉིས་ཁ་ཕྱོགས་གཅིག་ལ་བསྐྱོད་ནས་གཉིས་ཕན་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཚོང་དོན་དང་། མ་འཇོག ཕན་ཚུན་སྦྲེལ་མཐུད་བཅས་ཀྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་བཏང་བས། ཁུལ་ཁོངས་བརྒལ་བའི་ཕྱོགས་མང་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་སྤུས་རྟགས་ཚོང་ཟོག་འགྲེམས་ཚོགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།