དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བལྟ་ཉན་བརྩམས་ཆོས་ཀྱི་འོས་སྦྱོར་ཚོགས་འདུ་ཐུ་ནི་སིར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-28

    ཚེས་24ཉིན། ཀྲུང་གོའི་བལྟ་ཉན་བརྩམས་ཆོས་ཀྱི་འོས་སྦྱོར་ཚོགས་འདུ་ཐུ་ནི་སིའི་གྲོང་ཁྱེར་ཧ་མ་མ་ཐེ་རུ་འཚོགས་ཤིང་། ཀྲུང་གོའི་བལྟ་ཉན་བརྩམས་ཆོས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པ་དེའི་ནང་བརྙན་འཕྲིན་འཁྲབ་ཚན་དང་། དངོས་མཚོན་པར་གཞི། འགུལ་རིས་གློག་བརྙན། མི་ཐབས་རིག་ནུས་ཀྱི་བསམ་བཀོད་བརྙན་ཐུང་སོགས་ཚུད་ཡོད།

    ཨ་རབ་རླུང་འཕྲིན་མནའ་འབྲེལ་གྱི་དྲུང་ཆེ་སུའུ་ལའེ་མན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་བལྟ་ཉན་ཐོན་ལས་ཀྱིས་རང་སོ་སོའི་གསར་གཏོད་དང་། ཡར་ཐོན། རྩེར་སོན་བཅས་ཀྱི་ལག་རྩལ་ལ་བརྟེན་ནས་འཛམ་གླིང་ལ་རྒྱུན་ཆད་མེད་པར་བག་ཆགས་ཟབ་མོ་འཇོག་བཞིན་ཡོད། ཨ་རབ་རླུང་འཕྲིན་མཉམ་འབྲེལ་གྱིས་ཚན་རྩལ་མཐོ་བའི་བལྟ་ཉན་བརྩམས་ཆོས་སྒྲིག་བཟོ་དང་ནང་དོན་གྲངས་འཛིན་ཅན་སོགས་ཁྱབ་ཁོངས་སུ་ཀྲུང་གོའི་གྲོགས་པོ་དང་སྤེལ་རེས་མཉམ་ལས་བྱེད་བཞིན་ཡོད། གཞན་ཡང་། ཨ་རབ་རླུང་འཕྲིན་མནའ་འབྲེལ་གྱིས་བལྟ་ཉན་བརྩམས་ཆོས་སྒྲིག་བཟོའི་ཁྲོད་མི་ཐབས་རིག་ནུས་སྤྱོད་རྒྱུར་ལྷག་པར་དུ་དོ་སྣང་བྱེད་ཀྱི་ཡོད་པས། ཨ་ཀྲུང་ཕྱོགས་གཉིས་པོས་སླད་ཕྱིན་ཕན་འབྲས་ལྡན་པའི་བལྟ་ཉན་མཉམ་ལས་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།

    ཀྲུང་གོ་ཕྱོགས་ཀྱི་སྐུ་མགྲོན་གྱིས་ཤིས་ཚིག་སྒྲོན་སྐབས། ཨ་རབ་རླུང་འཕྲིན་མནའ་འབྲེལ་དང་ཨ་རབ་རྒྱལ་ཁབ་གཞན་དག་གི་གཙོ་རྒྱུན་སྨྱན་སྦྱོར་ལས་སྟེགས་དབར་མཉམ་ལས་གཏིང་ཟབ་བྱས་ནས། ཀྲུང་གོའི་གློག་བརྙན་བརྩམས་ཆོས་ཕུལ་བྱུང་དེ་བས་མང་བ་ཨ་རབ་རྒྱལ་ཁབ་ཀྱི་ཁྲོམ་རར་འདོན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ལ། ཨ་རབ་རྒྱལ་ཁབ་ཀྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་ཀྲུང་གོར་འདོན་རྒྱུར་ཡང་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་ལེ་ཚན་གཉེར་སྟངས་ཞིབ་སྤེལ་དང་། པར་དབང་ཚོང་དོན། མཆེད་རྫས་གསར་སྤེལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་ལྷུ་ཚིགས་སུ་མཉམ་ལས་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།