དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞིང་ཆེན་གཞན་དུ་བོད་ཀྱི་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ས་གཉིས་མང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-28

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་24ཉིན་ནས་བཟུང་། ཞིང་ཆེན་གཞན་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ས་གཉིས་མང་དུ་བཏང་བ་སྟེ། ཧྲའན་ཤིས་ཞིང་ཆེན་གྱི་ཤིས་ཨན་གྲོང་ཁྱེར་དང་ཞན་དབྱང་གྲོང་ཁྱེར་དངོས་སུ་ཞབས་ཞུའི་ཁྱབ་ཁོངས་སུ་བཅུག་ནས་སྨན་བཅོས་དང་། འགྲིམ་འགྲུལ། ཉོ་སྒྲུབ་སོགས་སུ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ཚད་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཡོད།

    ཟླ་བ་བདུན་པ་ནས་བཟུང་། བོད་ལྗོངས་ཀྱི་མི་སྤྱི་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་བྱས་ཏེ་ཟླ་རེའི་ཚེས་25ཉིན་ཤིས་ཨན་དོན་གཅོད་ཁྲུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤྱི་ཚོགས་འགན་སྲུང་གཱ་རེ་ཞུ་དང་། སྤྱོད་པ། གསབ་བརྗེ་སོགས་ཀྱི་ལས་སྒོ་ཁག་10གཉེར་བ་དང་། ཕྱིས་སུ་ད་དུང་བོད་ལྗོངས་མི་རིགས་སློབ་ཆེན་སོགས་སུ་རང་འདོད་ཞབས་ཞུའི་སྒྲིག་ཆས་ཡུན་རིང་བཀོད་སྒྲིག་བྱས་ནས་འཚོ་གནས་དཔང་ལེན་སོགས་ཀྱི་ལས་སྒོ་ས་གནས་གཞན་དུ་རང་འདོད་སྒྲུབ་གཉེར་བྱས་ཏེ་ཞབས་ཞུའི་བྱེད་ཐབས་དེ་བས་སྟབས་བདེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག འགན་བཅོལ་ལ་ཞུགས་མཁན་གྱིས་གཱ་ཁྱེར་ནས་ཧྲའན་ཤིས་ཞིང་ཆེན་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ནས་བརྒྱུད་རིམ་ཧྲིལ་པོའི“སྨན་བཅོས་ཀྱི་གཱ་གཅིག་ཀུན་འཐུས”ལོངས་སུ་སྤྱོད་ཆོག་པ་དང་། འགྲིམ་འགྲུལ་ཉོ་སྒྲུབ་ཀྱི“དམངས་ཕན་བྱེད་སྒོའི”ནང་སྤྱི་ཚོགས་འགན་སྲུང་གཱ་ཡོད་པའི་བོད་ལྗོངས་ཀྱི་མང་ཚོགས་ཀྱིས་སྤྲིན་རྩིས་མྱུར་སྤྲོད་APPཕབ་ལེན་དང་སྤྱི་ཚོགས་འགན་སྲུང་གཱ་དངུལ་ཁང་གི་རྩིས་ཁྲ་དང་མཉམ་དུ་ཟླ་བསྒྲིལ་ཚེ། ཤིས་ཨན་གྲོང་ཁྱེར་དང་ཞན་དབྱང་གྲོང་ཁྱེར་དུ་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པའི་གཟིགས་སྐྱོང་ཉིན་རེར་ཐེངས་གཉིས་ལོངས་སུ་སྤྱོད་ཆོག་ལ། ཟླ་བ་བདུན་པ་ནས་བཟུང་། ད་དུང་ཧྲའན་ཤིས་ཞིང་ཆེན་གྱི་དམིགས་འཛུཌ་སྒོ་རྩིས་ཚོང་ཁང་ནས་ཅ་ལག་ཉོ་སྐབས་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།