དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་སྐྱིད་ལམ་ཆེན་བདེ་ཤིག་ཤིག འགྲིམ་འགྲུལ་བསྟོད་གླུ་སྙན་ལྷང་ལྷང་།

    བོད་ཀྱི་འགྲིམ་འགྲུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པའི་བགྲང་བྱ་དྲུག་ཅུའི་ལེའུ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-28

    ཆ་སྙོམས་ས་བབ་སྨི་4700ཡོད་པའི་གམ་པ་རྫོང་དུ་སྤྱི་ལེ་2ཀྱི་ཨར་འདམ་ལམ་ཡངས་ཤིང་ཁོད་སྙོམ་པ་ཞིག་ཡོད་པས། རྩྭ་ཆུ་འཛོམས་པའི་སྨོན་སྡེ་གྲོང་ཚོའི་གམ་པའི་ལུག་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པོ་བྱུང་ཡོད། 2024ལོར། སྨོན་སྡེ་གྲོང་ཚོའི་མཉམ་ལས་ཁང་གི་ཨར་འདམ་ལམ་དང་རྒྱལ་ལམ་219སྦྲེལ་མཐུད་ཐུབ་ནས་གམ་པའི་ལུག་མགོ་གྲངས་2020ལྷ་ས་དང་པེ་ཅིང་སོགས་སུ་བཙོངས་པས། མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་143བྱུང་ཡོད། འདི་ནི་ཐོན་ལས་དར་རྒྱས་བྱུང་བའི་མཚོན་བྱེད་ཙམ་མ་ཟད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། “མི་དང་ཁལ་མར་བརྟེན་ནས་སྐྱེལ་འདྲེན་བྱེད་པ”ནས“ཕྱོགས་བསྡུས་ལམ་དྲའི”བར་འཕོ་འགྱུར་བྱུང་བའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    གདོད་མའི་སྐྱེལ་འདྲེན་བྱ་ཐབས་ག་ལེར་བཞུགས། ད་ཆའི་འགྲིམ་འགྲུལ་དྲ་བར་བསུ་མ་ཞུ།

    ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་ཏང་ཀྲུང་དབྱང་གིས་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་བསྐྲུན་རྒྱུའི་ཇུས་ཐག་བཅད་ཡོད། ལམ་བཟོ་དཔོན་དམག་དང་། ལས་གྲྭའི་ལག་རྩལ་བ། དེ་བཞིན་མི་རིགས་ཁག་གི་མང་ཚོགས་ཚོས“གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི”དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་བཅངས་ནས་ཐོ་བ་དང་ལྕགས་ཧྲེང་སོགས་སྤྱད་དེ་ཆ་རྐྱེན་ཞན་པའི་ཁོར་ཡུག་ཏུ་་སྲོག་ཉེན་ལ་མ་བལྟོས་པར་རི་བོ་བཤགས་ནས་ལམ་བཟོས་པ་དང་ཆུ་མོ་བརྒལ་ནས་ཟམ་པ་བརྒྱབ་ཡོད།  

    1954ལོའི་ཟླ་12ཚེས་25ཉིན། ལམ་ཐག་ཧྲིལ་པོར་སྤྱི་ལེ་4360ཡོད་པའི་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་དུས་གཅིག་ཏུ་ལྷ་སར་ཤར་གཏོང་ཐུབ་ནས་བོད་དུ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།

    “དངུལ་མདོག་གི་བྱ་རྒོད”དུ་འབོད་པའི་གནམ་གྲུ་དང་པོ་ས་མཐོའི་སྤྲིན་གསེབ་ནས་དལ་བུར་ལྷ་སའི་འདམ་གཞུང་གནམ་ཐང་དུ་འབབ་སྐབས། གངས་ལྗོངས་ས་མཐོའི“མཁའ་ཐོག་གི་དུས་རབས”དུས་དེ་ནས་འབྱེད་འགོ་ཚུགས། བགྲང་བྱ་དྲུག་ཅུའི་ལོ་ཟླའི་བཞུར་རྒྱུན་ཁྲོད་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་བྱ་གཞག་སྔ་ས་ནས“མཁའ་ཐོག་གི་བར་ཁྱམས”རྐྱང་པ་ནས་འཛམ་གླིང་དང་ཡོངས་སུ་སྦྲེལ་མཐུད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཡོད་པའི་བར་འཕོ་འགྱུར་བྱུང་ཞིང་། དེས་ཡུལ་ལུང་འདི་སྒོ་རྒྱག་ནས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པའི་བརྗིད་ཆགས་ལམ་བུར་དཔང་པོ་བྱས་ཡོད།

    1965ལོར། དབྱིར—18དབྱིབས་ཀྱི་204རྟགས་ཅན་གྱི་གནམ་གྲུ་ལྷ་སའི་འདམ་གཞུང་གནམ་ཐང་དུ་བབས་པ་དང་བསྟུན་ནས། པེ་ཅིང་དང་ལྷ་ས་གཅིག་ཏུ་སྦྲེལ་བའི་མཁའ་ལམ་འདི་ནི་ཕྲ་ཞིང་འཇམ་ལ་ཤིན་ཏུ་བརྟན་པའི་དར་སྐུད་གཅིག་མཁའ་དབྱིངས་ནས་གཏམས་པ་ལྟར་བོད་དང་རྒྱལ་ས་པེ་ཅིང་གཅིག་ཏུ་སྦྲེལ།

    1966ལོར། གོང་དཀར་གནམ་ཐང་ལས་གཉེར་བྱེད་འགོ་ཚུགས་པ་དང་། གནམ་གྲུ་བབས་ས་ཐབས་ཆག་གཅིག་རང་ལས་མེད་པ་ནས་ད་ཆའི་T3གནམ་ཐང་བབས་ཚུགས་ཡོད་པའི་དེང་རབས་ཀྱི་མཁའ་འགྲུལ་བར་དང་། དེ་བཞིན་འཕུར་ལམ་གཉིས་པ་སྣུར་སྲིང་བྱས་པ་དེ་བྱ་རྒོད་ཀྱི་གཤོག་ཟུང་བརྐྱངས་པ་ལྟར། ས་མཐོ་ཡང་མཐོའི་གནམ་ཐང་གི་འགན་སྲུང་ནུས་པར་དོན་དམ་པའི་མཆོང་སྐྱོད་བྱུང་ཡོད།

    ལྗོངས་ཕྱི་དང་བོད་སྦྲེལ་མཐུད་ཀྱི་འགྲིམ་འགྲུལ་འཕར་རྩ་ཆེན་པོ་ཞིག་ཡིན་པའི་མཚོ་བོད་ལྕགས་ལམ་གྱིས་ས་མཐོའི་འཕོ་འགྱུར་ཆེན་པོར་དཔང་པོ་བྱས་ཡོད་ལ་དེར་སྐུལ་འདེད་ཀྱང་བཏང་ཡོད། 2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་སྟེ་བོད་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ནས་ལྗོངས་ཕྱི་དང་གངས་ལྗོངས་ས་མཐོ་དམ་པོར་སྦྲེལ་བ་མ་ཟད། བོད་ཀྱི་འཕེལ་རྒྱས་ལའང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ལྕགས་ལམ་ཤར་གཏོང་ཐུབ་ནས་བོད་ཀྱི་འགྲིམ་འགྲུལ་བཀོད་པར་ལེགས་བཅོས་བྱུང་བ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ཕན་སྐུལ་ཡོ་ཆས”ལྟ་བུར་དེ་བས་ཀྱང་གྱུར་ཡོད།

    2024ལོ་བར། ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་12.49ཟིན་པའི་ཁྲོད་རིམ་མཐོའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་1196ཟིན་པ་དང་། ཤང་དང་གྲོང་རྡལ་623དང་སྲིད་འཛིན་གྲོང་ཚོ་3869ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཤར་གཏོང་ཐུབ་ཚད་91.75%དང་72.42%སོ་སོར་ཟིན་པ། ལྗོངས་ཡོངས་སུ་དམངས་སྤྱོད་གནམ་ཐང་8དང་མཁའ་ལམ་178ཡོད་པ། ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཐག་སྤྱི་ལེ་1187.8ཟིན་ཡོད།

    གྲོང་གསེབ་གཞུང་ལམ་ཁྱིམ་ཚང་ཀུན་ལ་ཁྱབ། གྲོང་གསེབ་དར་རྒྱས་ཐོན་ལས་དར་ཞིང་རྒྱས།

    སྨར་ཁམས་རྫོང་འཇང་མི་རིགས་ཤང་ཡར་ཁ་སྟེང་གྲོང་ཚོར་རྫ་ཆུ་ལང་ལོང་དུ་རྒྱུག་བཞིན་གྲོང་ཚོའི་གཡས་གཡོན་རི་རབ་ཀྱིས་བསྐོར་ནས་ཡོད། སྐམ་ཤས་དང་ཚ་གདུག་ཆེ་བའི་ལུང་ཤུར་འདིར་ཉི་འོད་འཕྲོ་ཡུན་རིང་བས། འདི་གར་ཁྱད་དུ་འཕགས་པའི་འདེབས་འཛུགས་ཆ་རྐྱེན་ལྡན།

    རང་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ཁོད་སྙོམས་པའི་གཞུང་ལམ་རིམ་བཞིན་ཡར་ཁ་སྟེང་གྲོང་ཚོར་ཤར་གཏོང་ཐུབ་སྟེ་གྲོང་སྡེའི་ལས་དབང་ལ་རྦད་དེ་འགྱུར་ལྡོག་ཕྱིན་ཡོད། ས་གནས་དེས་གནམ་གཤིས་ལེགས་པར་བརྟེན་ནས་རྒུན་འབྲུམ་ཨ་རག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཡུལ་མི་ཚོར་སྤུས་ལེགས་རྒུན་འབྲུམ་འདེབས་རྒྱུར་ཁྲིད་སྟོན་བྱས་ཡོད།

    ད་ཆའི་ཡར་ཁ་སྟེང་གྲོང་ཚོའི་གཞུང་ལམ་གྱི་གཡས་གཡོན་གཉིས་ཀར་རྒུན་འབྲུམ་ཡུག་གཅིག་ཏུ་བཏབས་ཡོད་པ་དང་རྒུན་འབྲུམ་ཨ་རག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་། ས་གནས་དེས་ཁྱད་ལྡན་ཞིང་ལས་དང་ལས་སྣོན་ལས་རིགས་འཕེལ་རྒྱས་བཏང་ཡོད་ལ། གྲོང་གསེབ་ཀྱི་ཡུལ་སྐོར་ལའང་སྐུལ་ཁྲིད་བྱས་ཡོད། ཡར་ཁ་སྟེང་གྲོང་ཚོའི་འཕོ་འགྱུར་ནི་བོད་ཀྱི“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”འཛུགས་སྐྲུན་ལ་ཕན་འབྲས་ཐོན་པའི་གསོན་ཉམས་དོད་པའི་མཚོན་བྱེད་ཙམ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད། 2014ལོ་ནས་2024ལོ་བར། རིམ་རྩིས་བྱས་ན་བོད་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1215.24བཏང་ནས་ལམ་ཐག་སྤྱི་ལེ་ཁྲི་5.87ཟིན་པའི་གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་སྒྱུར་བཀོད་བྱས་ཏེ། ཤང་དང་གྲོང་རྡལ་6དང་སྲིད་འཛིན་གྲོང་ཚོ་338ཀྱི་གཞུང་ལམ་ཤར་གཏོང་གི་གནད་དོན་ཐག་གཅོད་བྱས་པས། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། ཤང་དང་གྲོང་རྡལ་348དང་སྲིད་འཛིན་གྲོང་ཚོ་3682ལ་མཁྲེགས་ལམ་ཤར་གཏོང་ཐུབ་ནས་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་མཁྲེགས་ལམ་ཤར་གཏོང་ཐུབ་ཚད་95.55%དང་82.6%སོ་སོར་ཟིན་ཡོད།

    གྲངས་གཞི་དང་དཔེ་མཚོན་འདི་དག་གི་རྒྱབ་ཏུ་ཡར་ཁ་སྟེང་གྲོང་ཚོ་དང་འདྲ་བའི་གྲོང་སྡེ་གྲངས་ལས་འདས་པས“ཡག་པོ་བཞིའི་གྲོང་གསེབ་ལམ་བུའི”འདེགས་སྐྱོར་འོག་འཕོ་འགྱུར་ཆེན་པོ་བསུས་ཡོད། བོད་ཀྱི“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”འདི་ཉིད་གྲོང་གསེབ་དར་རྒྱས་ཀྱི་འདེགས་སྐྱོར་བརྟན་པོར་གྱུར་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་བསྐྲུན་ཡོད།

    གསར་གཏོད་སྒུལ་ཤུགས་ཉིད་ལས་དཀའ་གནད་ སེལ། ས་མཐོའི་འགྲིམ་འགྲུལ་རྣམ་པ་གསར་པ་བཏོད།

    བོད་ཀྱི་ཤར་ལྷོའི་མཚམས་སུ་གནས་ཤིང་རི་ཚོགས་ཀྱིས་བསྐོར་བའི་མེ་ཏོག་རྫོང་གི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བས། དུས་ཡུན་རིང་པོ་ཡུལ་གཞན་དང་འབྲེལ་རྒྱུན་ཆད་པ་དང་འདི་ནི་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཕྱི་ཤོས་ཀྱི་རྫོང་ཞིག་རེད། 2013ལོར། ལམ་ཐག་ཧྲིལ་པོར་སྤྱི་ལེ་117དང་གས་སྲུབས་ས་རྒྱུའི་ཁུལ་6བརྒལ་བའི་མེ་ཏོག་རྫོང་གི་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་རྣམ་པ་འདིར་གཞི་ནས་འགྱུར་ལྡོག་ཕྱིན་ཡོད།

    བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་གཞུང་ལམ་རྣམ་གྲངས་དོ་དམ་ལྟེ་གནས་ལས་གྲྭ་པུའི་ཅིང་ལི་དང་མཐོ་རིམ་ལག་རྩལ་ཆེ་མོ་བ་ལུའོ་ཝུན་ཏུང་ནི་མེ་ཏོག་རྫོང་གི་གཞུང་ལམ་སྐྲུན་མཁན་གྱི་གྲས་ཤིག་ཡིན་ཞིང་། ཁོང་གིས“སྐབས་དེ་དུས་ང་ཚོ་མེ་ཏོག་རྫོང་ལ་འགྲོ་སྐབས་ཟླ་བ་གཅིག་ནང་ཉིན་ཉི་ཤུ་ལྷག་ཙམ་ཆར་པ་བབས་སོང་། སྨི་བརྒྱ་ཙམ་གྱི་སར་ས་གཤིས་གནོད་འཚེ་རེ་ཐོན་གྱི་འདུག རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་ཐོན་པ། གས་རྡིབ་ཤོར་བ་སོགས་རྟག་ཏུ་མཐོང་རྒྱུ་འདུག མེ་ཏོག་རྫོང་གི་གཞུང་ལམ་ནི་ས་གཤིས་གནོད་འཚེའི‘རིག་གནས་ཀུན་བཏུས་དཔེ་དེབ’ལྟ་བུ་ཡིན་པས། འཕྲད་སྲིད་པའི་དཀའ་གནད་ཚང་མ་འདི་གར་གཅིག་ཏུ་འདུས་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    ཆར་ཞོད་ཆེ་བར་དམིགས་ནས། ལུའོ་ཝུན་ཏུང་གིས་ཚོགས་པའི་སྣེ་ཁྲིད་དེ་སྤོ་རུང་ཆར་ཁེབས་ཞིབ་བཟོ་བྱས་པས། ཆར་ཞོད་ཆེ་དུས་ལམ་ངོས་ཨར་སྐྲུན་ཆུས་འཁྱེར་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། དེ་དང་ཆབས་ཅིག གས་རྡིབ་ཤོར་སླ་བ་དང་རྦབ་རྡོ་ཟགས་ཉེན་ཆེ་བའི་ཁུལ་དུ་ཆེད་དམིགས་ལྟ་ཞིབ་ཚད་ལེན་བྱས་པས། “སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་། སྔོན་ཚུད་ནས་ཤེས་རྟོགས་བྱེད་པ། སྔ་ཙམ་ནས་ཐག་གཅོད་ཐུབ་པ”བཅས་ཀྱི་ཇུས་གཞི་ཆ་ཚང་ཞིག་གྲུབ་སྟེ་དོན་རྐྱེན་མང་པོ་ཞིག་འགོག་ཟོན་བདེ་བླག་ཐུབ་ཡོད། གསར་གཏོད་ཀྱི་གྲུབ་འབྲས་འདི་དག་ལག་རྩལ་སྤེལ་རེས་ཁྲོད་རྣམ་གྲངས་གཞན་དག་གིས་ཁྱབ་གདལ་རྒྱ་ཁྱབ་བཏང་ཡོད་པས། བོད་ཀྱི་རྗེས་མཐུད་འགྲིམ་འགྲུལ་འཛུགས་སྐྲུན་ལ་རྩ་ཆེའི་ཉམས་མྱོང་བསགས་ཡོད།

    མེ་ཏོག་རྫོང་གི་འཕོ་འགྱུར་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་འགྲིམ་འགྲུལ་ལ་འཕོ་འགྱུར་བྱུང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད།

    དཔལ་འབྱོར་འཕེལ་རྒྱས་གཏོང་བར་འགྲིམ་འགྲུལ་སྔོན་ལ་འཇོག་དགོས། བགྲང་བྱ་60ཡི་རིང་། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཡུག་གཅིག་ཏུ་སྦྲེལ་མཐུད་བྱུང་སྟེ་མི་དམངས་མང་ཚོགས་ཕྱིར་སྐྱོད་པར་དེ་བས་སྟབས་བདེ་དང་བློ་རིག་ལྗང་མདོག་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཉིན་རེ་བཞིན་ཐོན་བཞིན་ཡོད།

    དེང་གི་གངས་ལྗོངས་ས་མཐོ་འདི་ཉིད་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོ་བཞིན་གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་འཛམ་གླིང་ཡང་རྩེ་དང་སྦྲེལ་མཐུད་བྱེད་བཞིན་ཡོད་པས། དུས་དེ་ནས་བཟུང་གངས་ལྗོངས་ས་མཐོའི་གོམ་བགྲོད་དུས་རབས་དང་གཅིག་གྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།