བརྗིད་ཆགས་ལྟ་ན་སྡུག་པའི་རྦབ་ཆུས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ།
ཀྲུང་ཝེ་ཏེ་ཐེན(པན་ཡུའེ)གྱི་རྦབ་ཆུ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ས་མཚམས་ཀུའེ་ཁྲོན་གཙང་པོའི་སྟོད་རྒྱུད་དུ་གནས་ཤིང་། ཏེ་ཐེན་རྦབ་ཆུ་ནི་ཀྲུང་གོའི་ཀོང་ཤིས་ཁྲུང་ཙུའོ་གྲོང་ཁྱེར་ཏ་ཤིན་རྫོང་གི་གཞོགས་སུ་གནས་ཡོད། ཉེ་ཆར་ཆར་པ་བསྟུད་མར་བབས་པ་དང་བསྟུན་ནས་ཏེ་ཐེན་རྦབ་ཆུ་དེ་བརྗིད་ཆགས་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད།