“རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཐུན་མོང་ངོས་འཛིན”ཞེས་པའི་བགྲོ་གླེང་ཚོགས་འདུ་ཧང་ག་རིར་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། “རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཐུན་མོང་ངོས་འཛིན་སྟེ། ལོ་80ལ་ཕྱིར་དྲན་དང་འབྱུང་འགྱུར་ལ་རྒྱང་ལྟ”ཞེས་པའི་བགྲོ་གླེང་ཚོགས་འདུ་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འཚོགས་པ་རེད། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། སྲིད་ཏང་དང་སྨྱན་སྦྱོར་གྱི་འཐུས་མི་སོགས་མི་20ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།