དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་2026ལོའི་སྨི་ལན—ཁོར་ཏི་ནའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་བསལ་དབང་ཆ་ཡོད་པའི་བརྒྱུད་སྤེལ་ལས་ཁུངས་ལ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-27

    ཚེས་23ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་2026ལོའི་སྨི་ལན—ཁོར་ཏི་ནའི་ཐེབས་རྩ་ལྷན་ཚོགས་ཀྱིས་སུའེ་ཙེར་གྱི་གྲོང་ཁྱེར་ལུའོ་སང་དུ་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་ནས་2026ལོར་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཁྱབ་གདལ་དང་། འགྲན་དོན་བརྒྱུད་སྤེལ་གཏོང་སྤེལ། མི་སྣ་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱེད་པར་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱུང་ཡོད། སྤྱི་ཁྱབ་ལས་ཁུངས་དེ་2026ལོའི་སྨི་ལན—ཁོར་ཏི་ནའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་བསལ་དབང་ཆ་ཡོད་པའི་བརྒྱུད་སྤེལ་ལས་ཁུངས་ལ་དངོས་སུ་གྱུར་ཡོད།

    བརྗེད་ཐོར་གཞིགས་ནས་ཕྱོགས་གཉིས་པོས་གསར་འགྱུར་གཏོང་སྤེལ་དང་། ལེ་ཚན་བཟོ་བ། དྲིལ་བསྒྲགས་ཁྱབ་གདལ། བྱེད་སྒོ་སྤེལ་རེས། མི་སྣ་ཕན་ཚུན་འཚམས་འདྲི་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་2026ལོའི་སྨི་ལན—ཁོར་ཏི་ནའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་འདུས་པའི་ལུས་རྩལ་གྱི་རིན་ཐང་ཁྱབ་སྤེལ་ཧུར་ཐག་བྱས་ནས་ཀྲུང་དབྱི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།