དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ནེ་པ་ལར་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-06-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་སྤེལ་རེས་ཚོགས་འདུ་འཚོགས་ནས་དུས་རབས་གསར་པའི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    སྤེལ་རེས་ཚོགས་པ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་བཅས་ནས་ཡོང་བའི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་ལས་གྲུབ་ཡོད།

    སྤེལ་རེས་ཚོགས་འདུའི་ཐོག་སྤེལ་རེས་ཚོགས་པའི་ཁོངས་མིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་འཕེལ་རྒྱས་དང་གྲུབ་འབྲས་ངོ་སྤྲོད་བྱས་ཤིང་། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ། བུ་བཅོལ་ཁང་དང་། སློབ་ཆུང་། དམའ་འབྲིང་ནས་མཐོ་འབྲིང་བཅས་བར་གྱི་ལོ་15རིང་གི་གཞུང་གྲོན་སློབ་གསོའི་མ་ལག་རྒྱལ་ཡོངས་ཀྱི་ས་ཆ་གཞན་གྱི་སྔོན་ལ་བཙུགས་པ། དཔལ་འབྱོར་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་བཅས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།