དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་3འཕྲལ་མར་སྔོན་ལ་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-27

    མིག་སྔར། རང་རྒྱལ་གྱི་སོས་ཆར་འབབ་པའི་དུས་ཚིགས་ཕྱོགས་ཡོངས་ཤར་འགོ་ཚུགས་པས་ལྷོ་རྒྱུད་ཀྱི་ས་ཆ་མང་པོར་དྲག་ཆར་འབབ་ཀྱི་ཡོད་པ་དང་། ས་ཆ་ཁག་གཅིག་ཏུ་ཤྭ་འོད་ཚབས་ཆེན་དང་ས་གཤིས་ཀྱི་གནོད་འཚེ་ཐོན་བཞིན་ཡོད། ཟླ་6ཚེས་23ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་3འཕྲལ་མར་སྔོན་ལ་སྤྲད་དེ། ཧུའུ་ནན་དང་། ཀོང་ཏུང་། ཁྲུང་ཆིང་། ཀུའེ་ཀྲོའུ། ཧུའུ་པེ་སོགས་ཞིང་ཆེན(གྲོང་ཁྱེར)7གྱིས་གནོད་འཚེའི་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ལས་དོན་སྤེལ་ཏེ། མི་སྣ་འཚོལ་སྐྱོབ་དང་གནས་སྤོས་བཀོད་སྒྲིག་དང་། ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་འཕྲལ་སྡོམ་བཅོས་སྒྲིག སྡོད་ཁང་རྡིབ་པ་དང་ལོག་པ་ཉམས་བཟོ་སོགས་སྤྱི་འདོམས་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།