ཅང་ཤིས་ནན་ཧྥུང་དུ།
སྒོ་རྩར་ལས་ཞུགས་འབབ་འཕར་ཐུབ་པ།
ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ནན་ཧྥུང་རྫོང་ཆ་ཝན་གྲོང་རྡལ་གྱིས་ཁེ་ལས་གཉེར་བ་དང་། རྒྱུ་ནོར་ཕན་སྒྱུར། མཉམ་ལས་གཉེར་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་སྒོ་འགྲམ་གྱི“བཟོ་གྲྭ་ཆུང་ངུ”དང་རོགས་སྐྱོར་འཁོར་ཁང་སོགས་བཙུགས་པ་མ་ཟད། ཉིན་གླའི་ཁྲོམ་ར་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་མིས་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པ་བྱུང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་ཅིང་། འདི་ནི་ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ནན་ཧྥུང་རྫོང་ཆ་ཝན་གྲོང་རྡལ་ཆ་ཝན་གྲོང་ཚོའི་ཧེང་ཧྲི་ཁྱིམ་ཆས་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་བཟོ་པས་ཤིང་ཆ་ལས་སྣོན་བྱེད་བཞིན་པ།