དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་ལྔ་པའི་ཟླ་མཇུག་བར་རང་རྒྱལ་དུ་5Gསྤྱོད་མཁན་དུང་ཕྱུར་11ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-27

    ཟླ་བ་ལྔ་པའི་ཟླ་མཇུག་བར། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་11ཙམ་ཡོད་ཅིང་། ཀྲའོ་སྟོང་དང་དེ་ཡན་གྱི་འབྲེལ་མཐུད་མྱུར་ཚད་ཀྱི་གཏན་འཇགས་མཉམ་འབྲེལ་དྲ་རྒྱའི་དྲ་ཆེན་ལ་འབྲེལ་མཐུད་བྱེད་མཁན་དུང་ཕྱུར་2.23ཟིན་ཡོད།

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་བསྡོམས་རྩིས་གསར་ཤོས་ལས་མངོན་པར། ཟླ་བ་དང་པོ་ནས་ལྔ་པ་བར་རང་རྒྱལ་གྱི་འཕྲིན་གཏོང་ལས་རིགས་འཁོར་རྒྱུག་བརྟན་པོ་བྱུང་ཞིང་། ལོ་གོང་མའི་འགྱུར་མེད་རིན་གོང་ལྟར་བརྩིས་པའི་གློག་འཕྲིན་ལས་སྒོའི་སྤྱི་འབོར་ལོ་གོང་མའི་དུས་མཚུངས་ལས་8.6%འཕར་ཡོད། ཟླ་བ་ལྔ་པའི་ཟླ་མཇུག་བར། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་11ཙམ་ཡོད་ཅིང་། ཀྲའོ་སྟོང་དང་དེ་ཡན་གྱི་འབྲེལ་མཐུད་མྱུར་ཚད་ཀྱི་གཏན་འཇགས་མཉམ་འབྲེལ་དྲ་རྒྱའི་དྲ་ཆེན་ལ་འབྲེལ་མཐུད་བྱེད་མཁན་དུང་ཕྱུར་2.23ཟིན་ཡོད།

    ཟླ་བ་ལྔ་པའི་ཟླ་མཇུག་བར། 5Gསྦྲེལ་ཚུགས་བསྡོམས་འབོར་ཁྲི་448.6ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་23.5མང་དུ་སོང་བ་དང་། རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་དང་ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་གྱི་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་10.98ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་8414མང་དུ་སོང་ནས་སྒུལ་བདེའི་ཁ་པར་སྤྱོད་མཁན་གྱི་60.8%ཟིན་ཡོད། ཀྲའོ་སྟོང་སྤྱོད་མཁན་གྱི་གཞི་རྒྱ་མུ་མཐུད་ཆེ་རུ་ཕྱིན་ཞིང་། རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱི་གཏན་འཇགས་མཉམ་འབྲེལ་དྲ་རྒྱའི་དྲ་ཆེན་ལ་འབྲེལ་མཐུད་བྱེད་མཁན་ཁྱོན་དུང་ཕྱུར་6.82ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་1216མང་དུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།