དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསམ་མཁར་གྲོང་ཚོའི།

    ནང་གཟན་རོགས་རེས་ཚོགས་ཆུང་གི་འབད་འཐབ་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-27

    བསམ་མཁར་གྲོང་ཚོ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་གི་ལུང་ཤུར་ཞིག་གི་ས་རྒྱ་ཡངས་སར་ཆགས་ཤིང་། དེ་གར་ནི“དབུལ་པོ་དབུལ་རྐྱང”རོགས་རེས་སྙིང་སྟོབས་ཀྱི་འབྱུང་ས་རེད་ལ། དུས་རབས་གསར་པར་བོད་ཀྱི་འཕེལ་རྒྱས་མཚོན་པའི་བསྡུས་རིས་ཤིག་ཀྱང་རེད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བསམ་མཁར་གྲོང་ཚོའི་མི་སེར་རྣམས་གཞིས་ཀའི་བདག་པོའི་གཉའ་གནོན་དང་བཤུ་གཞོག་འོག རང་ལུས་རང་དབང་ཡེ་ནས་མེད་ལ་ཐོན་སྐྱེད་རྒྱུ་ཆའང་མེད་པས་འཚོ་བའི་འཁོས་ཀ་ཧ་ཅང་ཞན་པོ་ཡོད། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ས་ཞིང་རག་ཡོད། 1961ལོར་ཚེ་རིང་ལྷ་མོའི་སྣེ་ཁྲིད་འོག ནང་གཟན་དུད་ཚང་11གིས་ནང་གཟན་རོགས་རེས་ཚོགས་ཆུང་བཙུགས། སྐབས་དེ་དུས་ཐོན་སྐྱེད་རྒྱུ་ཆ་ཁ་ཐང་བའི་དབང་གིས“དབུལ་པོ་དབུལ་རྐྱང”རོགས་རེས་ཚོགས་ཆུང་ཞེས་འབོད་པ་དང་། ད་ཆ་གྲོང་ཚོས་ནང་གཟན་རོགས་རེས་ཚོགས་ཆུང་གི་འབྱུང་རིམ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཟུང་དུ་འབྲེལ་ཏེ་ནང་གཟན་རོགས་རེས་ཚོགས་ཆུང་གི་སློབ་གསོའི་འགྲེམས་ཁང་བཙུགས་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱས་ཤིང་། 2012ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སློབ་གསོའི་འགྲེམས་ཁང་དེ་བོད་ཀྱི་ནང་གཟན་རོགས་རེས་ཚོགས་ཆུང་དང་པོར་གཏན་འཁེལ་བྱས་པ་རེད། 2013ལོའི་ཟླ་12ཚེས་2ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གྲོང་ཚོའི་ཚོགས་ཆུང་དང་པོའི་ལྟེ་བར་གནས་པའི་དེ་སྔའི“བསམ་མཁར་གཞིས་ཀ”དེ་ཉིད་བོད་ཀྱི་ནང་གཟན་རོགས་རེས་ཚོགས་ཆུང་དང་པོར་གཏན་འཁེལ་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་ཚན་པའི་གྲས་སུ་བཅུག 2020ལོའི་ཟླ་12ཚེས་29ཉིན། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་བོད་ཀྱི་ནང་གཟན་རོགས་རེས་ཚོགས་ཆུང་དང་པོ་དེ་ཉིད་བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་རིག་དངོས་ས་ཚིགས་ལ་གཏན་འཁེལ་བྱས་པ་རེད།

    བསམ་མཁར་གྲོང་ཚོར་ཡུལ་མིའི་ཚོགས་ཆུང་3དང་། རྩྭ་རའི་རྒྱ་ཁྱོན་མུའུ་4155 རྨོ་ཞིང་རྒྱ་ཁྱོན་མུའུ་2022 གླིང་ཁའི་རྒྱ་ཁྱོན་མུའུ་3943བཅས་ཡོད་པ་དང་། ཕྱུགས་རིགས་མགོ་གྲངས་761ཡོད་ཅིང་། ད་ཡོད་དུད་ཚང་174དང་མི་གྲངས་605ཡོད་པ། ཏང་སྤྱི་ཁྱབ་ཀྲི་པུའུ་1དང་ཏང་ཀྲི་པུའུ་3 ཏང་ཡོན་66ཡོད། 2013ལོར་བསམ་མཁར་གྲོང་ཚོས་ཕན་བདེ་བཞོན་མ་གསོ་ཚགས་ཆེད་ལས་ཁང་དང་ཞིང་པའི་སོན་བཟང་ཆེད་ལས་མཉམ་ལས་ཁང་བཙུགས་ནས་གྲོ་སོན་ཁྱབ་གདལ་བཏང་བར། ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་ཟིན་ནས་དུད་ཚང་རེར་ཡོང་འབབ་འཕར་མ་སྒོར་3000ལྷག་ཙམ་བྱུང་ཡོད།

    2022ལོར། བསམ་མཁར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་སྣེ་ཁྲིད་ནས་ཇ་ཁང་ཞིག་གཉེར་ཞིང་། ཇ་ཁང་དེ་གཞན་དང་མི་འདྲ་བ་ཞིག་ནི་ཏང་སྤྱི་ཁྱབ་ཀྲི་པུའི་ཁོངས་མིས་གཉེར་སྐྱོང་བའི་འགན་ཁུར་བ་ཙམ་མ་ཟད། དེ་བས་རང་དཔེ་གཞན་སྟོན་གྱིས་མ་བྱན་དང་ཞབས་ཞུ་བའི་འགན་ཡང་འཁུར་བཞིན་ཡོད། ལས་ཀ་བྱེད་སྟངས་འདི་རིགས་ཀྱིས་མི་ཤུགས་དང་མ་གནས་ལ་གྲོན་ཆུང་ཐུབ་པར་མ་ཟད། ཚོགས་པའི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཀྱང་ཆེ་རུ་སོང་ཡོད།

    2019ལོར། བསམ་མཁར་གྲོང་ཚོ་དེ་ཉིད་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་ཁག་ལྔ་པའི་མིང་གཞུང་ནང་ཚུད་རྗེས། བསམ་མཁར་གྲོང་ཚོས་བེད་མེད་དུ་ལུས་པའི་ཁང་པ་རྙིང་པ་དག་རོགས་རེས་ཇ་ཁང་དང་གྲོང་མིའི་རིག་གནས་བྱེད་སྒོ་ལྟེ་གནས་སོགས་སུ་བསྒྱུར་བ་དང་། ད་དུང་། གྲོང་ཚོའི་ས་སྟོང་གང་ལེགས་སྤྱད་དེ་སྤྱི་པའི་སྤྲོ་གསེང་ཁུལ་བཟོས་ནས་ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཁྱད་ལྡན་རིག་གནས་རྣམ་གྲངས་འཕེལ་རྒྱས་བཏང་བ་རེད། ཉེ་བའི་ལོ་གཉིས་རིང་། བསམ་མཁར་གྲོང་ཚོའི་གྲོང་གསེབ་དར་རྒྱས་ལའང་གྲུབ་འབྲས་ཇི་སྙེད་ཅིག་ཐོབ་པ་སྟེ། གྲོང་ཚོ་འཛུགས་སྐྲུན་ཐད། གྲོང་གསེབ་ཀྱི་འགྲོ་ལམ་ཡངས་ཤིང་གཙང་བ་དང་། འགྲོ་ལམ་གྱི་གཞོགས་གཉིས་ལྗོན་ཤིང་གིས་བརྒྱན་པ། ཡུལ་མི་ཚང་མ་ཡངས་ཤིང་དཀར་ཆ་དོད་པའི་ཁང་པར་སྤོས་ཡོད། ཁོར་ཡུག་བཅོས་སྒྲིག་ཐད། མི་ཕྱུགས་ལོགས་དབྱེ་དང་གསང་སྤྱོད་སྒྱུར་བཀོད་སོགས་ཀྱི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་སྡོད་མལ་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད། རིག་གནས་སྒྲིག་བཀོད་ཐད། གྲོང་ཚོར་རིག་གནས་ཐང་ཆེན་དང་མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་གླིང་སོགས་བསྐྲུན་པས། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཧ་ཅང་མཐོ་རུ་ཕྱིན་ཡོད། སྐྱེ་ཁམས་སྲུང་སྐྱོང་ཐད། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་མཐའ་འཁྱོངས་ཀྱིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་དག་གསེར་རི་དངུལ་རིར་བསྒྱུར་པས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་དེ་ཀུན་གྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད།

    དེ་སྔའི“དབུལ་པོ་དབུལ་རྐྱང”རོགས་རེས་མཉམ་ལས་སྙིང་སྟོབས་ཀྱི་ཁྲིད་སྟོན་འོག ད་ཆའི་བསམ་མཁར་གྲོང་ཚོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ནས་ས་གནས་དེ་གར་སྔོན་ལ་ཕྱུག་པོ་ཆགས་པའི་གྲོང་ཚོའི་གྲས་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།